གནད་བསྡུས། 详情

མཚོ་སྔོན་ཚོང་ཚོགས་སྐབས27པ་ཟླ7པའི་ཚེས15ཉིན་ནས་ཚེས19ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་རེད།

རང་ཚགས་པར་གྱི་འཕྲིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་ཚོགས་འདུ་དེ་ཟླ7པའི་ཚེས15ཉིན་ནས་ཚེས19ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་རྒྱུ་ཡིན་པ་དང་། སྐབས་འདིའི་མཚོ་སྔོན་ཚོང་ཚོགས་སྟེང་ཐོག་མར་ཧྲན་ཏུང་དང་ཧྥུའུ་ཅན་བཅས་སྐུ་མགྲོན་གཙོ་བོའི་ཞིང་ཆེན་གཉིས་དང་སྐུ་མགྲོན་གཙོ་བོའི་ཀྲི་ལི་རྒྱལ་ཁབ་ཀྱི་འགྲེམ་ཁུལ་བཀོད་སྒྲིག་བྱས་ཏེ། འགྲེམས་སྟོན་གྱི་རིམ་པ་དང་སྒོ་འབྱེད་ཀྱི་ཚད་གཞི། ཤུགས་རྐྱེན་ནུས་པ་བཅས་མཐོར་འདེགས་སུ་གཏོང་རྒྱུ་རེད།

མཚོ་སྔོན་ཚོང་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་ཚོང་འགུག་དངུལ་འདྲེན།འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་མངོན་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཚད་མཐོའི་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་དང་འབྲེལ་བ་ཆེན་པོ་ཡོད། འགྲེམས་ཁུལ་དུ་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་དང་སྐུ་མགྲོན་གཙོ་བོའི་ཞིང་ཆེན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དག  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས། ཐོན་ལས་ཀྱི་གནས་བཞི། ལྗང་མདོག་རྩིས་ཤུགས། ས་ཁུལ་འཕེལ་རྒྱས་སོགས་ཁྱད་ལྡན་འགྲེམས་ཁུལ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། ཚོང་ཚོགས་ཀྱི་སྐབས་སུ་མགོ་ཚུགས་མཛད་སྒོ་དང་དངུལ་གཏོང་གསལ་བཤད་ཚོགས་འདུ། ལས་གཞི་གཙོ་བོའི་གན་རྒྱ་འཇོག་པའི་མཛད་སྒོ། རྒྱལ་ཁབ་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ཚད་མཐོའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་པའི་བྱ་འགུལ། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་རེས་ཚོགས་འདུ། འཛམ་གླིང་ཚྭ་མཚོའུ་ཐོན་ལས་མཉམ་ལས་ཚོགས་ཆེན། སྐྱེ་དངོས་དང་ཀྲུང་བོད་སྨན་ཐོན་ལས་ཀྱི་མཉམ་ལས་ཚོགས་འདུ་སོགས་བྱ་འགུལ་ཁག་བཅུ་ལྷག་སྤེལ་ནས། སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་མཐུད་དང་ཞིང་ཆེན་བར་མཉམ་འགུལ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་བཅས་ཀྱི་ཚད་གཞི་མཐོ་བའི་བརྗེ་རེས་སྟེགས་བུ་ཞིག་བསྐྲུན་རྒྱུ་རེད།

མིག་སྔར་ཚོང་ཚོགས་ཀྱི་གྲ་སྒྲིག་བྱ་བ་ཡོངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། འགྲེམས་ཁུལ་གྱི་འཆར་འགོད་དང་བྱ་འགུལ་གྱི་ཇུས་གཞི། སྐུ་མགྲོན་གདན་ཞུ།ཚོང་འགུག་གྲ་སྒྲིག དྲིལ་སྒྲོག་ཇུས་འགོད་སོགས་དུས་རིམ་སྔོན་མའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་པ་མ་ཟད། ཆེད་དོན་གྲ་སྒྲིག་གི་འོས་འགན་སོ་སོའང་བརྟན་པོའི་ངང་ལག་བསྟར་བྱེད་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཚོང་ཚོགས་ཀྱི་གོ་རིམ་གཙོ་བོར་མཐོང་ཆེན་གང་ལེགས་བྱས་ཏེ། ཞིབ་ཕྲ་ཅན་དུ་གཏོང་བ་དང་ཞབས་ཞུའི་འགན་སྲུང་།དྲིལ་སྒྲོག་འོས་སྦྱོར་བཅས་གཙོ་གནད་ཆེན་པོ་གསུམ་ལ་གཞིགས་ནས། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་སྟེ། སྐབས་འདིའི་མཚོ་སྔོན་ཚོང་ཚོགས་བདེ་བླག་ངང་འཚོགས་པར་འགན་ལེན་བྱས་ནས། འགྲེམས་ཁུལ་གྱི་སྟེགས་བུའི་ནུས་པ་མུ་མཐུད་དུ་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཚད་མཐོའི་འཕེལ་རྒྱས་ཡོང་བར་སྒུལ་ནུས་ཆེན་པོ་སྩོལ་རྒྱུ་རེད།།


热门新闻

热门图库

热门排行