རྒྱལ་སྤྱི། 详情

ཨ་མེ་རི་ཁའི་དམག་དཔུང་གིས་པའོ་སི་མཚོ་ཁུགས་ནས་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས།

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས2ཉིན་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་གནམ་གྲུ་ཞིག་གིས་ཉིན་དེར་པའོ་སི་མཚོ་ཁུངས་ནས་དབྱི་ལིང་གྲུ་ཁར་བགྲོད་རྩིས་བྱེད་པའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཕུར་མདའ་གཏོང་འཕེན་བྱས་ཏེ། དེའི་འགྲུལ་བཞུད་ཀྱི་ནུས་པ་ཉམས་པར་བྱས་ཡོད་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་སྣུམ་འདྲུད་གྲུ་གཟིངས་དེར་པའོ་ཚི་ནཱ་ཝའི་རྒྱལ་དར་བཀལ་ཡོད་པ་དང་། སྐབས་ཐོག་དེར་སྣུམ་འདྲུད་གྲུ་གཟིངས་དེ་རྒྱལ་སྤྱིའི་མཚོ་ཁོངས་བརྒྱུད་དེ་དབྱི་ལིང་གི་ཧཱ་ཨར་ཁི་གླིང་ཕྲན་དུ་བགྲོད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་དམག་དཔུང་གིས་བཤད་རྒྱུར། གྲུ་གཟིངས་དེའི་སྟེང་གི་གྲུ་བས་ཡང་དང་བསྐྱར་དུ་བཏང་བའི་ཉེན་བརྡ་སྣང་མེད་དུ་བཞག་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་བཏང་བའི་བཀའ་རྒྱ་་ཐེངས་མང་བོར་དང་ལེན་མ་བྱས་པས། མཇུག་མཐར་ཨ་མེ་རི་ཁའི་དམག་དཔུང་གི་གནམ་གྲུ་ཞིག་གིས་སྣུམ་འདྲུད་གྲུ་གཟིངས་དེར་འཕུར་མདའ་ཞིག་གཏོང་འཕེན་བྱས་པས། དེའི་འགྲུལ་བཞུད་ནུས་པ་ཉམས་པར་བྱས་པ་དང་སྣུམ་འདྲུད་གྲུ་གཟིངས་དེ་དབྱི་ལིང་དུ་བགྲོད་པར་བཀག་འགོག་བྱས་པ་རེད།

དེའི་སྔོན་ལ་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་སུ་ཁེགས་པའི་ཚོང་དོན་གྲུ་གཟིངས་ཤིག་གི་གྲུ་བས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འདོན་སྤྲོད་བྱས་པའི་གྲུ་གཟིངས་ཀྱི་སྐུད་མེད་གློག་གི་སྤྱི་བའི་འཕྲིན་ལམ་གྱི་བརྙན་རིས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས2ཉིན་གྱི་དགོང་མོར་དབྱི་ལིང་གི་འབྲེལ་ཡོད་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པ་དང་། སྣུམ་འདྲུད་གྲུ་གཟིངས་སྟེང་གི་གྲུ་བས་གྲུ་གཟིངས་དེ་བསྐྱུར་བ་རེད་ཟེར།


热门新闻

热门图库

热门排行