རྒྱལ་སྤྱི། 详情

ཝང་ཧུའུ་ཉིང་གིས་ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དགུ་པའི་ཚོགས་གཙོའི་ཁོངས་མི་དང་བཞུགས་མོལ་གནང་བ།

   ཟླ6པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དགུ་པའི་ཚོགས་གཙོའི་ཚོགས་འདུའི་ཁོངས་མི་དང་བཞུགས་མོལ་གནང་བར་མ་ཟད། ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པའི་འཐུས་མིར་ཐུག་འཕྲད་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས2ཉིན་པེ་ཅིང་དུ་ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དགུ་པའི་ཚོགས་གཙོའི་ཚོགས་འདུའི་ཁོངས་མི་དང་བཞུགས་མོལ་གནང་བར་མ་ཟད། ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པའི་འཐུས་མིར་ཐུག་འཕྲད་གནང་། ཁོང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་འཁཕར110ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཧུར་ཐག་གིས་བྱས་རྗེས་བཞག་སྟེ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་གཞག་ལ་འཕེལ་རྒྱས་དང་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བློ་རྩེ་སྒྲིམ་ནས་བླ་སྲོག་བསྐྲུན་པ་དང་། རྒྱ་ཆེའི་ཕྱི་འགྲིམ་སློབ་གཉེར་མི་སྣར་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དམིགས་ནས་ནུས་པ་འདོན་སྤེལ་དང་བྱས་རྗེས་འཇོག་དགོས་ལ། ཏང་དང་རྒྱལ་ཁབ་ཀྱི་དགོས་མཁོ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རྣམས་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱ་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཏང་གིས་རྒྱ་ཆེའི་ཕྱི་འགྲིམ་སློབ་མར་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྦྲེལ་ཐག་ལྟ་བུར་འགྱུར་བ་དང་། ཏང་དང་སྲིད་གཞུང་གིས་ཕྱི་འགྲིམ་སློབ་མའི་ལས་དོན་ཡག་པོ་སྒྲུབ་པའི་ལས་རོགས་པ། རྒྱ་ཆེའི་ཕྱི་འགྲིམ་སློབ་མའི་ཁྱིམ་ཚང་བཅས་སུ་འགྱུར་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་མི་སྣའི་ལས་དོན་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱ་ཆེའི་ཕྱི་འགྲིམ་སློབ་མའི་ནུས་པ་འདོན་སྤེལ་དང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བར་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་བརྒྱད་པའི་ཚོགས་གཙོ་ཏིང་ཀྲུང་ལི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གསར་དུ་བདམས་ཐོན་བྱུང་བའི་ཡོ་རོབ་དང་ཨ་རིའི་སློབ་གྲོགས་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དགུ་པའི་ཚོགས་གཙོ་དབྱང་ཀྲེན་བཞུགས་མོལ་ལ་ཞུགས།  །


热门新闻

热门图库

热门排行