གནད་བསྡུས། 详情

ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་འབྲིང་གིས་ཇ་མའི་ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་འགྲན་བསྡུར་སྤེལ་བ།

རང་ཚགས་པར་གྱི་འཕྲིན། སློབ་མའི་ཟ་ཁང་གི་ཆེད་ལས་མི་སྣའི་ནུས་རྩལ་དང་ཞབས་ཞུའི་ཆུ་ཚད་སྔར་ལས་གོང་མཐོར་གཏོང་བ། སློབ་རའི་ཟས་རིགས་བདེ་འཇགས་དང་བཟའ་བཏུང་འགན་སྲུང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་འབྲིང་གིས་ཇ་མའི་ཟས་རིགས་གཡོས་སྦྱོར་གྱི་ནུས་རྩལ་འགྲན་བསྡུར་སྤེལ། ཟ་ཁང་གི་ཇ་མ་ཡོངས་ཀྱིས་ཟ་མ་གཡོས་སྦྱོར་གྱི་ལག་རྩལ་འགྲན་བསྡུར་དང་ལག་རྩལ་གྲོས་བསྡུར་ཞིབ་འཇུག་བྱས་ཏེ་ཐོག་མའི་བསམ་འདུན་སྲུང་བ་དང་བཅུད་ལྡན་ཟས་རིགས་ལ་བརྟེན་ནས་དགེ་སློབ་ཚོའི་ཉིན་རེའི་ཟས་ཐུན་གསུམ་པོར་འགན་སྲུང་བྱས།  

འགྲན་བསྡུར་ཡུལ་དངོས་སུ་འགྲན་ཞུགས་པ་རྣམས་ཀྱི་སྤོབས་པའི་གཟེངས་མཐོ་ལ། ལས་ཀར་བྱང་ཆ་ལྡན་ཞིང་ལག་ཟོར་ཡང་ལ་མགྱོགས་མྱུར་ལྡན་པ། མེ་ཚོད་འཛིན་པ་དང་གཏུབ་པ་སོགས་ཀྱི་བྱ་བའི་ལས་སྒོ་སོ་སོར་གཟབ་ནན་དམ་ཚགས་ཡིན་ལ། ཁོང་ཚོའི་ཟོར་ཡང་བའི་ལག་པའི་འགུལ་སྟངས་རེ་རེ་དང་ཟ་མའི་སྡེབ་ཁ་རེ་རེ་ལས། མིག་ལ་མཛེས་ཤིང་ཁ་ལ་ཞིམ་པ། ལྟོ་བར་ཕན་པའི་ཁྱད་ལྡན་གྱི་བཟའ་བཅའ་ཕྲེང་བསྟར་བསྒྲིགས་འདུག  ཁོང་ཚོས་རྒྱུན་ལྡན་གྱི་སློབ་རའི་བཟའ་བཏུང་དགོས་མཁོ་དང་བསྟུན་ནས་ཟས་རིགས་སྡེབ་སྦྱོར་བྱས་པར་མ་ཟད་རང་གི་ལག་རྩལ་དང་དགའ་ཕྱོགས་ལ་བརྟེན་ནས། ཇ་མ་ཞིག་ལ་འཛོམས་དགོས་པའི་གཞི་རྩའི་ཁྱད་ཆོས་དང་ལག་རྩལ་གྱི་ནུས་པ་མངོན། འགྲན་བསྡུར་སྐབས་སུ་ཁོང་ཚོས་རང་གི་འཇོན་ཐང་ལྡན་པའི་ལག་རྩལ་འགྲན་བསྡུར་བྱས་ཀྱང་། འགྲན་བསྡུར་མཇུག་རྫོགས་རྗེས་ཕན་ཚུན་ལ་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་གྱི་ལེགས་ཆར་སློབ་སྦྱོང་བྱས་ཏེ་ཐུན་མོང་ཡར་ཐོན་ཡོང་བའི་རྣམ་པ་ལེགས་པོ་ཞིག་བསྐྲུན། །

热门新闻

热门图库

热门排行