ཨར་ལེན་སྡེ་བས་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་ཞིང་ཆུ་གཏོང་དཀའ་བའི་གནད་དོན་སེལ་བ།
རང་ཚགས་པར་གྱི་འཕྲིན། ཞིང་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དང་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད།ཉེ་ཆར།ཁྲི་ཀ་རྫོང་ཀ་རིང་ཤང་ཨར་ལེན་སྡེ་བས་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་པ་དང་།མཉམ་འགུལ་མཉམ་སྦྲེལ་སྡེ་ཁག་གིས་ཆུ་འདྲེན་ས་ཚིགས་ཉམས་གསོ་རིམ་སྤོར་གྱི་ལས་གཞི་དངོས་འབེབས་མཐོར་འདེགས་བྱས་པ་དང་། མང་ཚོགས་ཀྱིས་ཞིང་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ།དངོས་ཕན་ལ་བརྟེན་ནས་ཏང་འཛུགས་དམངས་ཕན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་རེད།
ཁྲི་ཀ་རྫོང་ཀ་རིང་ཤང་ཨར་ལེན་སྡེ་བའི་འཛུགས་སྐྲུན་བྱ་ཡུལ་དུ་སོང་ཚེ། གནས་དེ་རུ་ཚ་ལ་བྱེད་བཞིན་ཡོད་པ་དང་།ཨར་ལས་མི་སྣས་གོ་རིམ་ལྡན་པའི་ངང་སྦུག་ལམ་རྙིང་པ་བཤིག་པ་དང་སྒྲིག་ཆས་བཟོ་བཅོས་ཚོད་ལྟ་སོགས་ཀྱི་ལས་ཀ་ལས་བཞིན་ཡོད། རྒྱུས་ལོན་བྱས་པ་ལྟར་ན།ཨར་ལེན་སྡེ་བ་ཡོངས་ཀྱི་རྨོ་ཞིང་མུའུ870ལ་ཞིང་ཆུ་གཏོང་བ་དང་། དུས་ཡུན་རིང་པོའི་ནང་དུ1991ལོར་བསྐྲུན་པའི་སྡེ་བ་རིམ་པའི་ཆུ་འདྲེན་ས་ཚིགས་ལ་བརྟེན་བཞིན་ཡོད། ལོ་ངོ30ལྷག་རིང་གི་སྒྲིག་ཆས་རྙིང་པར་བཙའ་རུལ་ཐེབས་པ་དང་། ཆུ་ཤོར་བ། ཆུ་མཁོ་འདོན་མི་འདང་བ་སོགས་ཀྱི་གནད་དོན་མང་པོ་ཡོད་ལ། མུའུ་སྟོང་ལྷག་ཙམ་གྱི་ས་ཞིང་ལ་ཆུ་གཏོང་མི་ཐུབ་པ་དེས་ཞིང་ལས་ཀྱི་ཐོན་འབབ་འཕར་བར་བཀག་རྒྱ་བྱས་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ལ།ལོ་མང་པོར་སྡེ་བའི་མང་ཚོགས་ལ་འཕྲད་པའི་དཀའ་གནད་ཐག་གཅོད་བྱས།
ཁྲི་ཀ་རྫོང་ཀ་རིང་ཤང་ཨར་ལེན་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཧྲེང་ཡུས་ཡིས་བཤད་རྒྱུར། ང་ཚོ་སྡེ་བའི་ཐོན་སྐྱེད་གོང་སྤེལ་ཚོགས་ཆུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་གཞི་བསྒྲུབས་ཤིང་། རྫོང་ཆུ་བེད་ཅུའུ་ཡིས་ང་ཚོའི་སྡེ་བའི་སྨི་བརྒྱའི་གནོན་ཤུགས་སྦུག་ལམ་དང་ས་ཞིང་མུའུ་སྟོང་ལྷག་ལ་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པས། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་གནད་དོན་ཚང་མ་ཐག་གཅོད་ཐུབ་སོང་ཟེར།
ལས་གཞི་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། སྡེ་བའི་ཏང་ཀྲི་པུས་ལས་གཞི་བརྩོན་ལེན་དང་ཐོན་ཁུངས་གྲབས་གསོག་བྱས་པ་དང་ཆབས་ཅིགཅན་བཅུའི་ཏང་འཛུགས་དཔུང་ཁག་ཚད་ལྡན་ཅན་གྱི་འཛུགས་སྐྱོང་བླང་བྱ་དོན་འཁྱོལ་བྱས་ཏེ། སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚོགས་ཆུང་གི་ཏང་ཡོན་དང་མང་ཚོགས་ཚང་མ་ལས་གཞིའི་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། དེའི་རྗེས་སུ་སྙེག་པ་དང་ཆེད་མིས་ཡུལ་དངོས་སུ་མཐུན་སྦྱོར་དང་། འཕེལ་རིམ་ལྟ་སྐུལ། མང་ཚོགས་འབྲེལ་གཏུག་སོགས་ཀྱི་བྱ་བར་འགན་འཁུར་ནས་ཨར་ལས་ཀྱི་སྤུས་ཚད་དང་འཕེལ་རིམ་གྱི་འགག་སྒོ་ནན་སྲུང་བྱས་ཏེ། ལས་གཞིའི་ཚད་གཞི་མཐོ་བ་དང་ཕན་འབྲས་ཆེ་བའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱས་པ་རེད།
ཁྲི་ཀ་རྫོང་ཀ་རིང་ཤང་ཨར་ལེན་སྡེ་བའི་མང་ཚོགས་དབྱང་ཀྲན་ཞ་ཡིས་བཤད་རྒྱུར།སྔོན་ཆད་ང་ཚོའི་ཆུ་འདྲེན་ས་ཚིགས་ཀྱི་སྦུག་ལམ་ལ་ཆག་སྐྱོན་བྱུང་བས། སྡེ་མི་རྣམས་ཀྱིས་ཆུ་གཏོང་བར་སྟབས་མི་བདེ་ལ།ལས་ཆོད་ཀྱང་མི་མཐོ་བས། ད་ལོར་ཅན་བཅུའི་ཏང་འཛུགས་ཐོན་སྐྱེད་གོང་སྤེལ་ཚོགས་ཆུང་གིས་འབད་བརྩོན་བྱས་པར་བརྟེན། ཆུ་སྦུག་ཞིག་གསོ་བྱས་ཏེ། ང་ཚོའི་སྡེ་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བས་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།
ཆུ་བེད་སྒྲིག་བཀོད་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་བྱས་པས། ཨར་ལེན་སྡེ་བའི་ཞིང་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། སྡེ་བ་ཡོངས་ཀྱི་སྡེ་མིའི་སྡོད་ཁང་གི་ཁོར་ཡུག་དང་ཤང་སྡེ་བཅོས་སྐྱོང་གི་སྤུས་ཚད་མཐོར་གཏོང་རིམ་སྤོར་གྱི་གྲུབ་འབྲས་སུ་གྱུར་ཡོད། ད་ལྟའི་ཨར་ལེན་སྡེ་བས་ཚད་ལྡན་ཅན་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་སྤྱོད་མགོ་བརྩམས་པས། སྡེ་མིར་དམངས་ཕན་ཞབས་ཞུ་སྣ་ཚོགས་སྒྲུབ་བཞིན་ཡོད།།