སྲིད་དོན། 详情

མཚོ་ལྷོ་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་བསྡུས།

ཟླ5པའི་ཚེས30ཉིན། ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་མཛུབ་སྟོན་བརྒྱུད་སྒྲོག་དང་། མིག་སྔར་གྱི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།

ཚོགས་འདུ་ལས་གནད་དོན་དང་དམིགས་འབེན། གྲུབ་འབྲས་བཅས་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། གཙོ་གནད་ལས་རིགས་དང་ས་ཁོངས། གོ་རིམ་བཅས་ལ་དམ་པོར་དམིགས་ནས། ཕྱོགས་ཡོངས་ནས་གྲལ་བཤེར་རྣམ་པས་དག་ཐེར་དང་བཅོས་སྐྱོང་བྱས་ཏེ། ཉེན་ཁའི་བྱུར་རྐྱེན་སྔ་མོ་ནས་སེལ་བར་བྱ་དགོས། རྡོ་སོལ་མ་ཡིན་པའི་གཏེར་ཁ་དང་ཉེན་ཡོད་དངོས་རྫས། བཟོ་ཚོང་ཁེ་ལས་སོགས་གཙོ་གནད་ལས་རིགས་ལ་དམིགས་ནས། གདུབ་ཟུམ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་དུ་གཏོང་དགོས་པ་མ་ཟད། སྒྲིག་ཆས་སྐྱོན་ཅན་བཀོད་སྤྱོད་བྱེད་པ་དང་སྒྲིག་འགལ་ལུགས་འགལ་བྱེད་པ། རྒྱུན་ལྡན་གྱི་དོ་དམ་ལྷོད་གཡེང་ཡིན་པ་སོགས་ཀྱི་གནད་དོན་འབུར་ཐོན་ཅན་བཅོས་སྐྱོང་ནན་མོ་བྱ་དགོས། གཏེར་རི་དང་གཞུང་ལམ་འགྲིམ་འགྲུལ། སོལ་རླངས། མེ་ཟོན། སློབ་གྲྭའི་བདེ་འཇགས། མི་ཚོགས་འདུ་ས་བཅས་ལ་དམིགས་ནས། རྒྱུན་རྣམ་ཅན་གྱིས་ལྟ་སྐུལ་དོ་དམ་གྱི་ཞན་ཆ་གསབ་པ་དང་། ཉེན་ཁ་དང་བྱུར་རྐྱེན་རྩད་ཞིབ་གང་ལེགས་བྱས་ཏེ། འབྱུང་རྩ་ནས་བདེ་འཇགས་དོན་རྐྱེན་སྔོན་འགོག་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་བ། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་སྤྱི་སྒྲུབ། འགན་འཛོལ་འགན་འདེད་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་བཅས་ནན་འཛིན་བྱེད་པ། འགྱུར་མེད་སྙིང་སྟོབས་ཀྱིས་བདེ་འཇགས་ཐོན་སྐྱེད་ལམ་ལུགས་དང་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། གནད་དོན་གྱི་བྱུར་རྐྱེན་ལ་དམ་པོར་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་། འགན་འཁྲི་རྩད་གཅོད་བྱེད་པ་དང་ཞིབ་ཐོ་ཅན་གྱི་དོ་དམ་དང་། སྐབས་བསྟུན་ཅན་གྱི་སྐུལ་འདེད། བཀག་རྒྱ་མེད་པར་བཟོ་བ་དང་ཐག་གཅོད་དཀའ་བའི་གནད་དོན་ལ་བཅོས་སྐྱོང་བྱེད་པ། ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ། བྱུར་རྐྱེན་སྣ་ཚོགས་ཕྱོགས་ཡོངས་ནས་མེད་པར་བཟོ་བ་བཅས་བྱ་དགོས། འཕྲལ་བསྟུན་ལས་རེས་དང་ལས་རེས་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ཚོད24རིང་གི་ལས་རེས་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་རེས་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ལས་གནས་དང་ཁ་བྲལ་བ། ལས་གནས་དང་རང་དགར་བྲལ་བ་བཅས་ཀྱི་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། འགྱངས་ཞུ་དང་ཆད་ཞུ། རྫུན་ཞུ། སྦས་གསང་བཅས་སྔོན་འགོག་ནན་མོ་བྱས་ཏེ། ཉེན་ཁའི་གནས་ཚུལ་འཕྲད་འཕྲལ་དང་ལེན་དང་ཕན་འབྲས་ཆེ་བའི་ཐག་གཅོད་བྱེད་པ་བཅས་བྱས་ནས། སྒྲིག་འགལ་གྱི་བྱ་སྤྱོད་ཚང་མར་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས་པའི་བླང་བྱ་བཏོན་ཡོད། 


热门新闻

热门图库

热门排行