རྒྱལ་ནང་། 详情

ཝུའུ་ཁི་ལན་གྱིས་ཨུ་རུ་སུའི་དམག་གིས་ལྕགས་ལམ་མེ་འཁོར་ལ་འཇབ་རྒོལ་བྱས་པས་མི་སྣར་ཤི་རྨས་ཐེབས་ཟེར།

   ཝུའུ་ཁི་ལན་གྱི་མཁར་སྡེ་དང་མངའ་ཁོངས། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་འཕེལ་རྒྱས་པུའུ་ཡིས་ཚེས30ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་དཔུང་གི་མི་མེད་གནམ་གྲུས་ཉིན་དེར་གྲ་པའོ་ལའོ་རེ་ས་ཁུལ་གྱི་ཁྲའེ་སྣུམ་མེ་འཁོར་ཞིག་ལ་འཇབ་རྒོལ་བྱས་པས་ཁ་ལོ་བ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དེའི་རྗེས་ཀྱི་འཇབ་རྒོལ་ཐེངས་གཉིས་པས་ས་གནས་དེའི་གློག་སྒུལ་མེ་འཁོར་ཞིག་ལ་གཏོར་བརླག་བཟོས། 

  ཝུའུ་ཁི་ལན་གྱི་ལྕགས་ལམ་ཀུང་སིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་གྲ་པའོ་ལའོ་རེ་ས་ཁུལ་གྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་དང་མེ་འཁོར་ལ་འཇབ་རྒོལ་བྱས་པས། གློག་སྒུལ་མེ་འཁོར་གཅིག་དང་ཁྲའེ་སྣུམ་མེ་འཁོར་གཅིག་ལ་གཏོར་བརླག་བཟོས་ཡོད་ལ། མེ་འཁོར་ཁ་ལོ་བ་གཅིག་རྐྱེན་ལམ་དུ་ཤོར་བ་དང་ལས་བཟོ་པ་གཉིས་ལ་རྨས་སྐྱོན་ཕོག་ཡོད་ཟེར།




热门新闻

热门图库

热门排行