ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཞིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཆིན་ཡོན་རྫོང་གི་རྡོ་སོལ་གཏེར་ཁའི་ཝ་སི་འབར་གས་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ། ཆ་རྐྱེན་མི་འདོན་པ་དང་དཀའ་ངལ་ལ་མི་འཛེམ་པར་རོགས་རེས་གཞོགས་འདེགས་ལ་ཤུགས་སྣོན་པ་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་བྱ་དགོས་ཤིང་། མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྡེ་བ་དང་སྡེ་ཁུལ་ཁག་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་ལས་དོན་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མང་ཚོགས་སྐུལ་སློང་བྱས་ནས། ཉེན་ཁའི་བྱུར་རྐྱེན་ལ་གྲལ་བཤེར་དང་དོགས་ཟོན་གཏིང་ཟབ་བྱས་ཏེ། དུས་བཅད་ལྟར་འཕྲལ་བསྟུན་འཁྲབ་སྦྱོང་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་རྒྱུན་རྣམ་ཅན་དང་ཚད་གཞི་ཅན། དངོས་ཕན་ཅན་བཅས་སུ་འགྱུར་བར་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤྱིའི་སྣེ་ཁྲིད་དུ་བྱས་ཏེ། གཅིག་སྡུད་བཅོས་སྒྲིག་དང་ཅན་བཅུའི་ཏང་འཛུགས་ལས་དོན་མཉམ་འདྲེས་གཏིང་ཟབ་བྱས་ནས། དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་འབྲས་ཆེ་ཤོས་སུ་བརྩིས་ཏེ་ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་བས་ནུས་ལྡན་སྤྱད་དེ་རྒྱལ་ཡོངས་ཀྱི4+10དང་ཞིང་ཆེན་ཡོངས་ཀྱི3+2། དེ་མིན་ཁུལ་ཡོངས་ཀྱི་བཅོས་སྒྲིག་གཙོ་གནད་རྣམ་གྲངས་2བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལས་དོན་ཁག་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པར་འགན་སྲུང་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་ཚོགས་འདུ་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་འཛུགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཞི་རིམ་གྱི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ལྟེ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས། ཅན་བཅུའི་ཏང་འཛུགས་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཏང་དང་མང་ཚོགས་མཉམ་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མི་འདང་ས་དང་ཞན་སར་ཤུགས་རྒྱག་པ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་དང་འཐབ་འཛིང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན།
ཚོགས་འདུ་ལས་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད། །