གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་རྨ་ཆུ་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཞཱ་ཀང་འཁོར་དང་བཅས་པར་ཐུག་འཕྲད་གནང་།

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས26ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་རྨ་ཆུ་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཞཱ་ཀང་འཁོར་དང་བཅས་པར་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་མཚོ་ལྷོའི་ནུས་ཁུངས་གཙང་མའི་ཕྱིར་གཏོང་རྟེན་གཞི་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་རྒྱུར་གཞིགས་ནས་བཞུགས་མོལ་བྱས་ཏེ་བསམ་ཚུལ་བརྗེ་རེས་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་ཞུང་ཡོན་ལའེ་ཡིས་ཞཱ་ཀང་འཁོར་དང་བཅས་པར་འཚམས་འདྲི་བྱེད་དུ་ཕེབས་པར་དགའ་བསུ་བྱས་པ་དང་། རྨ་ཆུ་ཀུང་ཟིས་དུས་ཡུན་རིང་བོར་མཚོ་ལྷོའི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས། ཁོས་རྨ་ཆུ་ཀུང་ཟི་དེ་དང་ཐོག་མཚོ་ལྷོ་ཁུལ་དུ་བཙུགས་ཏེ་མཚོ་ལྷོ་ཁུལ་དུ་འཚར་ལོངས་བྱུང་ནས་སྟོབས་ལྡན་དུ་གྱུར་བས། མཚོ་ལྷོ་ཁུལ་དང་མཉམ་དུ་འཕེལ་རྒྱས་དང་བློ་ཁ་མཉམ་ཕྱོགས་བྱས་ཏེ། ཕན་ཚུན་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད་ལ། རྗེས་ཕྱོགས་རྨ་ཆུ་ཀུང་ཟིས་མུ་མཐུད་དུ་མཚོ་ལྷོ་ནས་རྐང་ཚུགས་ཏེ།ནུས་ཁུངས་གསར་པའི་དངུལ་གཏོང་ནུས་པ་ཆེ་རུ་གཏོང་བ་དང་འཛུགས་སྐྲུན་བྱ་རྩིས་ཡོད་པའི་ལས་གཞི་མགྱོགས་པོར་ལས་མགོ་རྩོམ་པར་སྐུལ་འདེད་བྱས་ནས། ལས་གཞིའི་སྟེགས་བུའི་ཐོ་འགོད་ལམ་ལུགས་ཇེ་ལེགས་སུ་བཏང་སྟེ། མང་ཚོགས་ཀྱི་འབབ་འཕར་དང་ས་གནས་འཕེལ་རྒྱས་ལ་རམ་འདེགས་གང་ལེགས་བྱ་དགོས།  སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་མཐུན་སྦྱོར་འབྲེལ་འདྲིས་ཀྱི་ལམ་ལུགས་ལེགས་པོར་སྤྱད་དེ། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དང་མང་ཚོགས་ཀྱི་ཁེ་ཕན་ལ་བསམ་གཞིགས་གང་ལེགས་བཏང་ནས། ལས་གཞི་འཛུགས་སྐྲུན་གྱི་གནད་དོན་གང་མགྱོགས་སྒོས་ཐག་བཅད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཡོང་བར་སྐུལ་འདེད་བྱ་དགོས་ཞེས་རེ་བ་བཏོན། ཞཱ་ཀང་གིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་བོར་རྨ་ཆུ་ཀུང་ཟིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ས་གནས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཐག་གཅོད་བྱ་དགོས་པའི་དོན་ཚན་མཚམས་སྦྱོར་བྱས། ཁོས་མཚོ་ལྷོ་ཁུལ་ནི་རྨ་ཆུ་ཀུང་ཟིའི་འཐབ་ཇུས་ཀྱི་དངུལ་གཏོང་ས་ཁོངས་དང་བཀོད་སྒྲིག་ས་ཁུལ་གཙོ་བོ་ཡིན་པས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྐབས་སུ་མཚོ་ལྷོའི་ནུས་ཁུངས་གཙང་མའི་ཕྱིར་གཏོང་རྟེན་གཞི་དང་ཙག་ག་ཆུ་གློག་ས་ཚིགས་སོགས་ལས་གཞི་གལ་ཆེན་གྱི་གསར་སྤེལ་འཛུགས་སྐྲུན་ལ་དམིགས་ནས། ལས་གཞིར་སྐུལ་འདེད་བྱེད་པའི་གནད་དོན་གྱི་འབྲེལ་མཐུད་གྲོས་མོལ་ལ་ཤུགས་སྣོན་པ་དང་། ལས་གཞི་གལ་ཆེན་ལག་བསྟར་བྱས་ཏེ་མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་ཚད་མཐོའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བསྟན།

ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་དང་ལི་ཀུའོ་ཞུང་། རྨ་ཆུ་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་སུའུ་ཞའོ་ཅུན་བཅས་ཐུག་འཕྲད་ལ་ཞུགས།

热门新闻

热门图库

热门排行