རྒྱལ་སྤྱི། 详情

འཇར་པན་མང་ཚོགས་ཀྱིས་འདུ་ཚོགས་བསྡུས་ནས“རྒྱལ་ཁབ་གསང་འཕྲིན་ཚོགས་འདུ”འཛུགས་པར་ངོ་རྒོལ་བྱས།

    ཚེས27ཉིན། འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་ཚང་འཛོམས་གྲོས་ཚོགས་སྟེང“རྒྱལ་ཁབ་གསང་འཕྲིན་ཚོགས་འདུ”འཛུགས་རྒྱུའི་ཁྲིམས་དོན་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཚེས26ཉིན་ནས27ཉིན་བར། འཇར་པན་མང་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་ཕྱི་རུ་འདུ་ཚོགས་བསྡུས་ནས་འབྲེལ་ཡོད་གསང་འཕྲིན་མ་ལག་འཛུགས་རྒྱུར་ངོ་རྒོལ་བྱས། འཇར་པན་སྲིད་གཞུང་གིས་དམངས་ཚིས་སྣང་མེད་དུ་བཞག་ནས་དམག་འཁྲུག་གི་གྲ་སྒྲིག་ཇེ་མགྱོགས་སུ་བཏང་བར་སྐྱོན་བརྗོད་བྱས་པ་དང་། འཇར་པན་སྲིད་གཞུང་གིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་བཟུང་ནས་དམག་འཁྲུག་གི་ལམ་རྙིང་དུ་བསྐྱར་ལོག་མི་བྱེད་པའི་རེ་བ་བཏོན།

འཇར་པན་གྱི་མང་ཚོགས་ཞིག་གིས་བཤད་རྒྱུར། ང་ཚོས་རྒྱལ་ཁབ་གསང་འཕྲིན་ཅུའུ་འཛུགས་མཚམས་འཇོག་ལ། རྩ་ཁྲིམས་བཟོ་བཅོས་བྱེད་པར་ངོ་རྒོལ་བྱེད་པ་དང་། དེ་མིན་གསོད་རྨས་རང་བཞིན་གྱི་མཚོན་ཆ་ཕྱིར་གཏོང་བཀག་སྡོམ་བྱ་དགོས་པའི་བླང་བྱ་བཏོན་པ་ཡིན། རྒྱལ་དམངས་ཀྱི་འཚོ་བ་འགན་སྲུང་མི་བྱེད་པར་དམག་འཁྲུག་གྲ་སྒྲིག་ཇེ་མགྱོགས་སུ་གཏོང་བ་ཁོ་ནར་དམིགས་པའི་བྱ་སྤྱོད་འདིའི་རིགས་ཀྱིས་ང་རང་ཞེན་པ་ལོག་ཏུ་བཅུག

འཇར་པན་གྱི་ཁྲིམས་རྩོད་པ་དབྱི་ལེ་ཅིན་དབྱི་ལང་གིས་བཤད་རྒྱུར། འཇར་པན་ཡང་བསྐྱར་ནོར་འཁྲུལ་གྱི་དམག་རྒྱལ་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱར་ལོག་བྱེད་སྲིད་པས་འདི་ལ་ང་ཚོར་སེམས་ཁྲལ་ཆེན་པོ་ཡོད་ཟེར།



热门新闻

热门图库

热门排行