རྒྱལ་སྤྱི། 详情

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མཐུན་དེ་ངེས་པར་དུ་འཐུས་ཚང་ཡིན་དགོས་པའི་ཚུལ་བསྟན།

  ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས27ཉིན་ཕོ་བྲང་དཀར་པོ་ནས་བསྡུས་པའི་ནེ་ཀིའི་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མཐུན་དེ་ངེས་པར་དུ་འཐུས་ཚང་ཡིན་དགོས་པའི་ཚུལ་བསྟན་པར་མ་ཟད། གལ་ཏེ་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མཐུན་དེ་འགོད་ན། སྔར་ལས་མང་བའི་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ཡཱ་པའོ་ལཱ་ཧན་གྲོས་མཐུན་ནང་ཞུགས་མིན་ལ་རག་ལས་ཡོད་པའི་ལྐོག་བརྡ་བཏང་།

  ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་དུས་ཚོད་འགོར་འགྱངས་བྱེད་རྩིས་ཡོད་ཀྱང་བདེ་བླག་ཡོང་མི་སྲིད། ཁོས་དུས་འབྲིང་འདེམ་བསྐོ་དང་གྲོས་ཁང་གི་འདེམ་བསྐོ་ཐོན་ལ་ཉེ་བའི་དབང་གིས་མྱུར་མོར་གྲོས་མཐུན་འགོད་མི་སྲིད་ཟེར།

  ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་གིས་གྲོས་མཐུན་འགོད་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཀྱང་། མིག་སྔར་ཁོ་ཚོས་ད་རུང་ང་ཚོ་ཡིད་ཚིམས་པར་བྱས་མེད་ཟེར། ཁོས་ད་རུང་ང་ཚོས་མདུན་དུ་གདམ་གསེས་གཉིས་ཡོད་དེ། གཅིག་ནི་གྲོས་མཐུན་འགོད་རྒྱུ་དང་། གཅིག་ནི་དམག་དོན་བྱེད་ཐབས་ལ་བརྟེན་ནས་དམིགས་འབེན་མངོན་འགྱུར་བྱེད་པ་དེ་ཡིན་ཞེས་འཇིགས་སྐུལ་བྱས།

ཁོས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་དབྱི་སི་རལ་བར་གྱི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་པར་དམིགས་པའི་ཡཱ་པའོ་ལཱ་ཧན་གྲོས་མཐུན་ནང་ཞུགས་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། གལ་ཏེ་ཁོ་ཚོས་ཡཱ་པའོ་ལཱ་ཧན་གྲོས་མཐུན་མ་བཀོད་ན་ང་ཚོས་དབྱི་ལིང་བར་གྲོས་མཐུན་འགོད་མིན་གསལ་བོར་མི་ཤེས་ཟེར།

སྨྱན་བྱད་ཀྱིས་ཡང་ཡང་དྲིས་ཀྱང་། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་གྲོས་མཐུན་འགོད་ཀྱང་རྒྱལ་ཁབ་སྔར་ལས་མང་བོ་ཡཱ་པའོ་ལཱ་ཧན་གྲོས་མཐུན་ནང་ཞུགས་པ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་སྲིད་མིན་གསལ་བོར་བཤད་མེད།




热门新闻

热门图库

热门排行