གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་སྐབས་གསུམ་པའི་རྟིང་རྩོད་འགྲན་བསྡུར་ཆབ་ཆར་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས25ཉིན། མཚོ་ལྷོ་ཁུལ་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་སྐབས་གསུམ་པའི་རྟིང་རྩོད་འགྲན་བསྡུར་དེ་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་། ཁུལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་གཞི་རིམ་སྒྲོག་འགྲེལ་རྐང་འཛིན་པ་རྣམས་མཉམ་དུ་འཛོམས་ནས། སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན། བརྙན་ཐུང་། སྒྲོག་འགྲེལ་ཡིག་ཆ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མཚོ་ལྷོའི་གཏམ་རྒྱུད་བརྗོད་པ་དང་ཏང་གི་དགོངས་པ་བརྒྱུད་སྒྲོག་བྱས་ནས། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་བསམ་བློ་དང་བརྩེ་སེམས། སྤུས་ཚད་བཅས་ལྡན་པའི་གཞུང་ལུགས་དྲིལ་སྒྲོག་གི་གསོལ་སྟོན་ཞིག་བཤམས་པ་རེད། ཐེངས་འདིའི་བྱ་འགུལ་ནི་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། ཁུལ་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་སློབ་གསོ་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཧྥེང་བྱ་འགུལ་ཁྲོད་ཞུགས།

གཞུང་དངོས། ཐེངས་འདིའི་འགྲན་བསྡུར་ནི་བསམ་བློའི་སྣེ་ཁྲིད་དང་ལེའུ་གསར་པ་གཏོད་པ་ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་ཞིག་ཡིན་ལ། འགྲན་བསྡུར་སྤེལ་མགོ་ཚུགས་པ་ནས་བཟུང་། རྫོང་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོས་ཧུར་ཐག་སྒོས་དང་ལེན་བྱས་པ་དང་། རིམ་པ་བཞིན་ལེགས་འདེམས་བྱས་ཏེ། མཇུག་མཐར་སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་བྱེད་མཁན10དང་། གཞུང་ལུགས་དང་རིག་རྩལ་ཟུང་འབྲེལ་རང་བཞིན་གྱི་སྒྲོག་འགྲེལ་ཚོགས་པ10རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས་རྒྱུར་བདམས་པ་རེད།

རྟིང་རྩོད་འགྲན་བསྡུར་ཁྲོད་འགྲན་ཞུགས་པ་ཚོས་ཡུལ་སྣང་ཟློས་གར་དང་ཅིན་ཅུས་ཟློས་གར། ཚིག་གསུམ་ཕྱེད་ཀ་སོགས་རིག་རྩལ་གྱི་རྣམ་པ་དང་གཞུང་ལུགས་སྒྲོག་འགྲེལ་མཉམ་འདྲེས་ལེགས་པོ་བྱས་ནས། གཏམ་རྒྱུད་ཆུང་ངུ་ལས་དུས་རབས་ཤིག་གི་འཕོ་འགྱུར་མཚོན་པ་དང་། གནས་ལུགས་ཆེན་པོ་དེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་གཏམ་རྒྱུད་ཆུང་ངུར་བསྒྱུར་ཏེ། ལྟད་མོ་བ་ཚོར་བསམ་བློ་དང་བརྩེ་སེམས་འཁོལ་བའི་མཐོང་ཐོས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།

མཚོ་ལྷོ་ཁུལ་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་སྐབས་གསུམ་པའི་སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་ཁྲེང་རུའེ་ཞན་གྱིས་བཤད་རྒྱུར། དོན་ངོ་མར་དེ་རིང་ང་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་འདི་ནི་འདས་པའི་འཐབ་གྲོགས་ཚོར་གནང་ན་འགྲིག་ལ། ཁོང་ཚོས་ཚེ་སྲོག་བློས་བཏང་བའི་རིན་ཐང་དེ་བརྗོད་ཀྱིས་མི་ལང་།  སྒྲོག་འགྲེལ་བྱེད་སྐབས་ངས་ཚང་མའི་མིག་མཐར་མཆུ་མ་འཁྱིལ་བ་མཐོང་བྱུང་ལ། ཏང་གིས་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི་དད་སེམས་དེའང་ཤེས་བྱུང་། ལྷད་མེད་ཀྱི་བརྩེ་བའི་ཁྲོད་དུ། བསམ་བློའི་སྣེ་ཁྲིད་ནི་སྔོན་གཤེགས་དཔའ་བོས་མ་འགྲུབ་པའི་ལས་འགན་དང་ལེན་བྱས་པ་ཡིན་ལ། མི་དམངས་སྲུང་སྐྱོང་དང་དུས་བདེ་བརྟན་སྲུང་བྱ་རྒྱུ་དེའང་རེད། བྱ་བ་ཞིག་གི་མགོ་ལེགས་པོར་བརྩམ་ནས་མུ་མཐུད་དུ་གཞི་རིམ་དུ་རྐང་འཛུགས་པ་དང་། ཉེན་རྟོག་པའི་གཏམ་རྒྱུད་ཡག་པོ་འཆད་ནས། སྔོན་གཤེགས་དཔའ་བོ་རྣམས་ཀྱི་ཚབ་བྱས་ཏེ་སྔར་བས་གཏན་འཇགས་ཀྱི་ཀྲུང་གོ་ཞིག་བསྐྲུན་རྒྱུ་དེ་ཡིན་ཟེར།

འགྲན་རྩོད་དྲག་པོར་བརྒྱུད་མཐར། བསམ་བློའི་རང་བཞིན་དང་། གཏམ་རྒྱུད་རང་བཞིན། བརྒྱུད་སྤེལ་རང་བཞིན་བཅས་ལྡན་པའི་བརྩམས་ཆོས་རྩེ་གྲ་ཁག་ཅིག་འབུར་དུ་ཐོན་པ་དང་། ཐེངས་འདིའི་འགྲན་བསྡུར་གྱིས་གཞི་རིམ་གྱི་སྒྲོག་འགྲེལ་པར་འགྲན་ཞུགས་ལ་བརྒྱུད་ནས་སློབ་སྦྱོང་ལ་སྐུལ་འདེད་བྱེད་སའི་སྟེགས་བུ་ཞིག་བསྐྲུན་ཡོད་པར་མ་ཟད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་ཁྲོད་ཞུགས་པའི་སྤྲོ་སེམས་དང་ངར་ཤུགས་ཀྱང་འཕེལ་བར་བྱས་ཡོད།


热门新闻

热门图库

热门排行