གནད་བསྡུས། 详情

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པ་ཧྥ་རན་སི་དང་ཨུ་རུ་སུ། ཨ་རབ་སོགས་ཀྱི་ཡི་གེའི་པར་གཞི་དང་རྒྱ་ཡིག་གི་ཚུགས་རྙིང་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་ཧྥ་རན་སིའི་ཡི་གེ་དང་། ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ སི་ཕེན་གྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ འཇར་མན་གྱི་ཡི་གེ འཇར་པན་གྱི་ཡི་གེ དེ་བཞིན་རྒྱ་ཡིག་གི་ཚུགས་རྙིང་བཅས་པར་གཞི་བརྒྱད་ཉེ་ཆར་ཕྱི་རྒྱལ་གྱི་ཡི་གེ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས།

   《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པ་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2022ལོའི་ཟླ5པའི་ཚེས27ཉིན་ནས2024ལོའི་ཟླ12པའི་ཚེས20ཉིན་བར་གནང་བའི་སྙན་ཞུ་དང་། གསུང་བཤད། གླེང་མོལ། གཏམ་བཤད། ཤིས་ཚིག རྩོམ་ཡིག མཛུབ་སྟོན་སོགས་རྩོམ་ཡིག91ཚུད་ཡོད་པ་མ་ཟད། ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་སྐབས་དེའི་རིང་གི་པར་རིས41ཡང་ཚུད་ཡོད། དེབ་ཧྲིལ་པོ་ཆེད་དོན18ལ་དབྱེ་ཡོད་པ་དེའི་ནང་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་འཆར་འགོད་དང་སྐུལ་འདེད་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། འགག་སྒྲོལ་དཀའ་སེལ་དང་འབད་བརྩོན་མདུན་སྐྱོད་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་བའི་གསོན་ཉམས་ལྡན་པའི་ལག་ལེན་གྱིས། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་དང་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་དང་། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བའི་བློ་གྲོས་ཇུས་གཞི་སྒོས་གང་ལེགས་མཚོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་འབྲས་གསར་ཤོས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་བརྩམས་ཆོས་ཤིག་རེད། 

  《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་རྒྱ་ཡིག་དང་དབྱིན་ཡིག་པར་གཞི2025ལོའི་ཟླ7པར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་ཧྥ་རན་སི། ཨུ་རུ་སུ། ཨ་རབ་སོགས་ཀྱི་ཡི་གེའི་པར་གཞི་དང་དེ་བཞིན་རྒྱ་ཡིག་གི་ཚུགས་རྙིང་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་ཤོས་ཤེས་རྟོགས་དང་། ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བློ་གྲོས་བཅས་ལ་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན། །


热门新闻

热门图库

热门排行