གནད་བསྡུས། 详情

ཝང་དབྱི་ཡིས་སང་ག་ཕོར་གྱི་ཕྱི་འབྲེལ་དཔོན་ཝུའེ་ཝུན་དང་ཕ་ཁི་སི་ཐན་གྱི་རྒྱལ་སྲུང་དམག་སྤྱི་དང་སྐམ་དམག་གི་བློ་འདོན་པ་མུའུ་ཉི་ཨེར་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཝང་དབྱི་ཡིས་ཚེས25ཉིན་པེ་ཅིན་དུ་སང་ག་ཕོར་གྱི་ཕྱི་འབྲེལ་དཔོན་ཝུའེ་ཝུན་དང་ཕ་ཁི་སི་ཐན་གྱི་རྒྱལ་སྲུང་དམག་སྤྱི་དང་སྐམ་དམག་གི་བློ་འདོན་པ་མུའུ་ཉི་ཨེར་ལ་ཐུག་འཕྲད་གནང་།

ཝུའེ་ཝུན་ལ་ཐུག་འཕྲད་གནང་སྐབས། ཝང་དབྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་སང་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་སྔོན་མཐོང་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་སང་གཉིས་ནི་འཛམ་གླིང་གི་གཏན་འཇགས་རྒྱུ་རྐྱེན་ཡིན་པས། མིག་སྔའི་གོ་ལ་ཧྲིལ་བོའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་དེ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ཀྱི་ཁྱོན་ཡོངས་ལ་སྲུང་སྐྱོང་བྱེད་དགོས། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་ལ་སྲུང་སྐྱོང་དང་མཚོ་ཐོག་གི་མཚོ་འགྲུལ་ཤར་གཏོང་བྱེད་པ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་ཕུགས་འདུན་ཡིན་ཞིང་། ཀྲུང་གོས་མུ་མཐུད་དུ་དེའི་ཐད་འབད་བརྩོན་བྱེད་འདོད་ཡོད། ཀྲུང་གོས་སང་ག་ཕོར་གྱིས་ཀྲུང་གོའི་ཤར་ཕྱོགས་མནའ་འབྲེལ་མཉམ་ལས་ལ་སྐུལ་སྤེལ་བྱེད་པར་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

ཝུའེ་ཝུན་གྱིས་བཤད་རྒྱུར། སང་ག་ཕོར་གྱི་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་བྱེད་བཞིན་ཡོད། སང་ག་ཕོར་གྱིས་མ་ལིའུ་ཅ་མཚོ་འགག་དང་རྒྱལ་སྤྱིའི་མཚོ་ལམ་གཞན་པའི་རང་དབང་མཚོ་འགྲུལ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སང་ག་ཕོར་གྱིས་ཀྲུང་གོའི་ཤར་ཕྱོགས་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་འཕེལ་རྒྱས་བརྩོན་ལེན་བྱེད་འདོད་ཡོད།

མུའུ་ཉི་ཨེར་ལ་ཐུག་འཕྲད་གནང་སྐབས། ཝང་དབྱིས་ཙུང་ལི་ཞ་པ་ཚི་དང་མཉམ་དུ་དམག་སྤྱི་མུའུ་ཉི་ཨེར་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ནས། རྒྱལ་སྤྱིའི་ས་ཁུལ་གནས་བབ་ལ་ཇི་ལྟར་འགྱུར་ལྡོག་བྱུང་རུང་། ཀྲུང་ཕའི་མཛའ་བརྩེ་ནི་ཐོག་མཐའ་བར་གསུམ་དུ་རྣོ་ལྕགས་ལྟ་བུ་དང་ནམ་ཡང་འགྱུར་བ་མེད། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཀྲུང་ཕའི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་དང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་བྱས་རྗེས་གསར་བ་འཇོག་ངེས་པའི་ཡིད་ཆེས་ཡོད།

མུའུ་ཉི་ཨེར་གྱིས་བསྟན་དོན། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་མུ་མཐུད་དུ་ཕ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དང་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

མུའུ་ཉི་ཨེར་གྱིས་ཨ་རི་དང་དབྱི་ལང་གི་དམག་འཁྲུག་ཕྱོགས་ཀྱི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས་པ་དང་། མི་འགྱངས་པར་གྲོས་མཐུན་འགོད་རྒྱུ་ཡིན་པར་བསྟན། ཝང་དབྱིས་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་མ་ཟབ་ཕ་ཁི་སི་ཐན་ཕྱོགས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་གནང་། །

热门新闻

热门图库

热门排行