སྒྲོན་བརྙན། 详情

ཞི་ཅིན་ཕིང་གིས་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་བ།

ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། 2024ལོར་ངས་སའེ་ཨེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་ནས་ཕྱོགས་གཉིས་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལེའུ་གསར་བ་ཞིག་ཐུན་མོང་ཐོག་བཏོད་ཡོད། ལོ་གཉིས་རིང་། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་མིག་དཔེ་ཡང་བཏོད་ཡོད། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་མི་རིགས་གཉིས་ཀས་དཀའ་སྡུག་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་མྱོང་བ་དང་། གཉིས་ཀར་བློ་བརྟན་འགྱུར་མེད་དང་དཔའ་ངར་ཞུམ་མེད་ཀྱི་བསམ་པའི་གཤིས་རྒྱུད་ལྡན་ལ། གཉིས་ཀས་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་དོན་གཉེར་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པ། གཉིས་ཀས་ཞི་བདེ་འཕེལ་རྒྱས་རྒྱུན་འཁྱོངས་དང་སྤྱི་ལུགས་དྲང་བདེན་བརྟན་སྲུང་བྱས་པས་དེ་དག་ལ་ཤེས་རྟོགས་གཏིང་ཟབ་བྱུང་ཡོད། ཕྱོགས་གཉིས་ཀྱིས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ལས་དབང་མཉམ་མྱོང་དང་ཐུན་མོང་ཐོག་དར་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཞིག་བཏོད་དེ། ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་བ་ཞིག་བསླེབས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སའེ་ཨེར་ཝེ་ཡ་དབར་གྱི་སྲ་ཞིང་བརྟན་པའི་མཛའ་གྲོགས་པ་ནི་གཞན་ལས་ཁྱད་དུ་འཕགས་པས། ལོ་རྒྱུས་ཀྱི་གཏན་ཚིགས་དང་དངོས་ཡོད་ཀྱི་རྨང་གཞི་ཟབ་མོ་ལྡན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སའེ་ཨེར་ཝེ་ཡ་ཕྱོགས་ཀྱིས་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། སའེ་ཨེར་ཝེ་ཡ་ཕྱོགས་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་དུས་འབྲིང་གི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ། འགྲིམ་འགྲུལ་དང་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རླབས་རྒྱུན་གསར་པའི་མདུན་དུ། ཕྱོགས་གཉིས་ཀྱིས་མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་རྒྱུ། སྔོན་ཐོན་བཟོ་སྐྲུན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕར་གཞི་གསར་པ་གསར་འབྱེད་བྱེད་དགོས། ན་ནིང་གི“ལོ་ངོ70རིང་གི་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་མི་དམངས་ཀྱི་མཛའ་གྲོགས”ཀྱི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པར་ཚུར་སྣང་གི་ལན་ཆ་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་གཞོན་ནུ་དང་མི་ཆོས་སྤེལ་རེས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། “ཐོངས་མཆན་སྤྲོད་མི་དགོས་པ་དང་། རང་མོས་ཚོང་དོན། ཐད་ཀར་མཁའ་ལམ”བཅས་ཀྱི་ལངས་གཟུགས་སྒྲོམ་གཞི་བེད་སྤྱོད་ཡག་པོ་བྱས་ནས། རིག་གནས་དང་སློབ་གསོ། ལུས་རྩལ། ཡུལ་སྐོར། ས་གནས་སོགས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་སྟེ། ཀྲུང་གོ་དང་སའེ་ཨེར་ཝེ་ཡ་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས། མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་རྙོག་འཛིང་ཡིན་པས། ཀྲུང་གོ་དང་སའེ་ཨེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོངས་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས། 

ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་།

ཝུའུ་ཆི་ཆི་ཡིས་བསྟན་དོན། ཀྲུང་གོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བདེ་བླག་ངང་བཟོས་པ་དང་འབྲེལ་ལག་བསྟར་བྱེད་མགོ་ཚུགས་པར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཀྲུང་གོར་སྔར་ལས་ཆེ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཡིད་ཆེས་ཡོད། སའེ་ཨེར་ཝེ་ཡ་དང་ཀྲུང་གོའི་དབར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། སའེ་ཨེར་ཝེ་ཡ་དང་ཀྲུང་གོའི་མི་དམངས་དབར་རྣོ་ལྕགས་ལྟ་བུའི་མཛའ་བརྩེ་ཡོད། སའེ་ཨེར་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོས་སེར་ཝེ་ཡའི་རང་བཙན་དང་བདག་དབང་ལ་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་གནང་བ་ནམ་ཡང་བརྗེད་མི་སྲིད། ཀྲུང་གོའི་ཁེ་ལས་སའེ་ཨེར་ཝེ་ཡའི་རྒྱལ་ཁབ་འཛུགས་སྐྲུན་ནང་ཞུགས་པ་དང་འབྲེལ་ལེགས་སྐྱེས་གལ་ཆེན་ཕུལ་བར་བཀའ་དྲིན་ཞུ་རྒྱུ་ཡིན། སའེ་ཨེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་ཆོས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དོན་དངོས་ཀྱི་གྲུབ་འབྲས་དེ་བས་མང་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆུང་གྲས་ལ་འདྲ་མཉམ་ངང་བརྩི་འཇོག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་འཛམ་གླིང་ལ་མིག་དཔེ་བསྟན་ཡོད། སའེ་ཨེར་ཝེ་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་ཞི་བདེ་དང་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། ཚན་རྩལ། སློབ་གསོ། ཁྲིམས་འཛིན། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20ལྷག་ལ་མིང་རྟགས་འགོད་པར་བདེན་དཔང་གནང་།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། ཚན་རྩལ། སློབ་གསོ། ཁྲིམས་འཛིན། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20ལྷག་ལ་མིང་རྟགས་འགོད་པར་བདེན་དཔང་གནང་།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སའེ་ཨེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པར་ཀྲུང་གོ་དང་སའེ་ཨེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གསལ་བསྒྲགས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སའེ་ཨེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུན་མོང་ཐོག་གོ་ལ་ཧྲིལ་བོའི་གྲོས་གཞི་ཆེན་པོ་བཞི་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས།

ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཝུའུ་ཆི་ཆི་དང་ལྕམ་མོ་ཐ་མ་ལར་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཝུའུ་ཆི་ཆི་དང་ལྕམ་མོ་ཐ་མ་ལར་དགའ་བསུའི་མཛད་སྒོ་བསྡུས།

ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཝུའུ་ཆི་ཆི་དང་ལྕམ་མོ་ཐ་མ་ལར་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཝུའུ་ཆི་ཆི་དང་ལྕམ་མོ་ཐ་མ་ལར་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཝུའུ་ཆི་ཆི་འབྱོར་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་སའེ་ཨེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས། ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཝུའུ་ཆི་ཆི་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས། 

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཝུའུ་ཆི་ཆི་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས། །


热门新闻

热门图库

热门排行