གནས་ཚུལ། 详情

གུང་ཧོས་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་གཞིས་རྙིང་གི་དཀའ་གནད་སེལ་བ།

གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་བཟོ་ལས་གླིང་སྡེ་ཁུལ་གྱི་ལམ་ལས་པའི་ཁྱིམ་མིའི་སྡོད་ཁུལ་གྱི་སྒོ་རའི་ནང་དུ་དེ་སྔ་བདག་གཉེར་བྱེད་མཁན་མེད་པར་བཙོག་ཟིང་ཞན་གསུམ་གྱི་འཕྲོད་བསྟེན་མི་ལེགས་པའི་རྣམ་པ་དེ་དེང་སྐབས་སྔོ་ལྗང་གི་སྔོ་ཚལ་ལྡུམ་ར་ཞིག་ཏུ་གྱུར་ཡོད་ལ། ད་ལོ་ནས་བཟུང་སྡེ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་དུ་བྱས་ཏེ།  བེད་མེད་ས་སྟོང་བཀོལ་སྤྱོད་དང་བཅོས་སྐྱོང་གི་དཀའ་གནད་སེལ་བ་བརྒྱུད་དེ་སྔོ་ཚལ་ལྡུམ་ར་ཆུང་ངུ་དེ་ཁྱིམ་མཚེས་བར་གྱི་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བའི་རྟེན་གཞི་གསར་པ་ཞིག་ཏུ་གྱུར་ཡོད།

ད་ལོར་ལོ55ལ་སླེབས་པའི་དབྱང་ཡུང་ཧྭ་ནི་ལམ་ལས་པའི་ཁྱིམ་མིའི་སྡོད་ཁུལ་དུ་ལོ20ལྷག་ཙམ་ལ་བསྡད་པ་དང་།   གསར་འགོད་པས་མཐོང་དུས་ཁོ་མོ་རང་ཁྱིམ་གྱི་སྔོ་ཚལ་ལྡུམ་རའི་ནང་དུ་ལས་ཀར་བྲེལ་བཞིན་འདུག་ལ།  མིག་མདུན་གྱི་གསོན་ཤུགས་རྒྱས་པའི་རྣམ་པ་དེ་ལྟ་ཞོར་དུ་སྡོད་ཁུལ་གྱི་འགྱུར་ལྡོག་གླེང་དུས་མོའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག

གུང་ཧོ་རྫོ་ཆབ་ཆ་གྲོང་བརྡལ་བཟོ་ལས་གླིང་སྡེ་ཁུལ་གྱི་ལམ་ལས་པའི་ཁྱིམ་མིའི་སྡོད་ཁུལ་གྱི་སྡོད་དམངས་དབྱང་ཡུང་ཧྭ་ཡིས་བཤད་རྒྱུར། གཞིས་ཁུལ་འདིར་ང་ལོ༢༠ལྷག་ལ་བསྡད་པ་ཡིན། སྔོན་ཆད་འདི་གར་རྩྭ་ལྡུམ་དང་གད་སྙིགས་གང་སར་ཡོད།  དེང་སྐབས་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་ས་ཞིང་ང་ཚོའི་གྲོང་མིར་བགོས་པ་མ་ཟད།  ལྡུམ་བུ་མེད་པར་བཟོ་རོགས་དང་།  མེ་ཏོག་དང་སྔོ་ཚལ་འདེབས་རོགས་བྱས་པ་ཡིན་ལ།  ཁོར་ཡུག་ཀྱང་ཇེ་བཟང་དུ་སོང་འདུག་ངོ་མ་ཧ་ཅང་བཟང་།

ལམ་ལས་པའི་ཁྱིམ་མིའི་སྡོད་ཁུལ་དེ་སྔོན་ཆད་རྨང་གཞིའི་སྒྲིག་ཆས་ཞན་པ་དང་དོ་དམ་སྲུང་སྐྱོང་བྱེད་མཁན་མེད་པས་བེད་མེད་ས་སྟོང་གིས་ཁོར་ཡུག་ལ་གཏོར་བརླག་བཏང་བ་མ་ཟད།   ཁྱིམ་མཚེས་བར་འགལ་བ་ཡང་མང་པོ་བྱུང་ཡོད། ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་། སྡེ་ཁུལ་ཏང་ཀྲི་པུའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཁག་གཞིས་ཁུལ་དུ་སོང་ནས་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། ཏང་འཛུགས་ཁྲིད་སྟོན་དང་སྡོད་དམངས་རང་སྐྱོང་། མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྡོད་དམངས་ཀྱིས་རང་མོས་སྒོས་འགན་གཙང་ལེན་བྱེད་པ་དང་རང་གིས་དོ་དམ་བྱེད་པ། སྡེ་ཁུལ་གྱིས་གཅིག་གྱུར་བཀོད་འདོམས་བྱེད་པ་བཅས་ཀྱི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། སྔོ་ཚལ་ལྡུམ་ར་ཆུང་ཆུང་གི་བསྒྱུར་བཀོད་ལས་གཞི་དངོས་སུ་མགོ་བརྩམས་པ་མ་ཟད་གཞིས་ཁུལ་ཡོངས་ཀྱི་ཁྱིམ་ཚང112ཀྱི་སྡོད་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།

གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་བཟོ་ལས་ར་བའི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅིངས་གྲོལ་སྐྱིད་ཀྱིས་བཤད་རྒྱུར། ད་ལོའི་ཁུལ་ཨུའི་ཅན་བཅུའི་ཏང་འཛུགས་བྱ་བའི་བཀོད་སྒྲིག་ལྟར། སྡོད་ཁུལ་ཏང་ཀྲི་པུས་སྣེ་ཁྲིད་དེ་ཏང་ཡོན་དང་དམངས་ཆེན་འཐུས་མི། དང་བླངས་པ་བཅས་རྩ་འཛུགས་བྱས་པ་མ་ཟད་ད་དུང་རང་སྡེ་ཁུལ་གྱི་སྡོད་དམངས་རང་འགུལ་ངང་ཞུགས་སུ་བཅུག་ནས། དོ་དམ་བྱེད་མཁན་མེད་པའི་ལྗང་བསྒྱུར་ས་ཁུལ་དག་ཁོ་ཚོའི་རང་རང་གི་འདོད་ཚུལ་ལྟར་སྔོ་ཚལ་ལྡུམ་རར་གྱུར་ཏེ་ཁོ་ཚོར་དོ་དམ་བྱེད་དུ་བཅུག་པ་ཡིན། འདི་ལྟར་བྱས་ན། ཁོ་ཚོ་སྡོད་སའི་གཞིས་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད་སྔོ་ཚལ་ལྡུམ་རའི་ཕན་ཁེའང་ལོངས་སྤྱོད་བྱ་ཐུབ་ཟེར།

ད་སྔ་སྡོད་དམངས་ཀྱིས་རེས་སྐོར་དོ་དམ་དང་ཕན་ཚུན་རོགས་རེས་བྱས་ཏེ། ཁྱིམ་མཚེས་བར་གྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད་ལ། སྔོ་ཚལ་ལྡུམ་ར་ཆུང་ཆུང་དེས་དམངས་ཀྱི་སེམས་འདུན་མཚོན་ཡོད་པ་དང་། འགྱུར་ལྡོག་ཆུང་ངུས་ཏང་འཛུགས་ཀྱི་ནུས་པ་མངོན་ཡོད། སྡེ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་བཟུང་སྟེ། བྱ་བ་ཆུང་ཆུང་ལ་བརྟེན་ནས་གཞིས་ཁུལ་རྙིང་བའི་བཅོས་སྐྱོང་བྱེད་དཀའ་བའི་གནད་དོན་ཆེན་པོ་ཐག་བཅད་པ་དང་། ཞབས་ཞུ་ཆུང་ངུས་དམངས་ཚིས་ཆེན་མོར་དྲོད་ཁོལ་སྦྱིན་པ་རེད།


热门新闻

热门图库

热门排行