གུང་ཧོ་རྫོང་གིས་ཀྲུང་བོད་ལུགས་གསོ་རིག་ལ་བརྟེན་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་།
ཉེ་བའི་ལོ་འགའི་རིང་ལ། གུང་ཧོ་རྫོང་གིས་ཀྲུང་བོད་ལུགས་གསོ་རིག་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་སྲོལ་རྒྱུན་གསོ་རིག་གི་དགེ་མཚན་འདོན་སྤེལ་བྱས་ནས། ཀྲུང་བོད་ལུགས་གསོ་རིག་བྱ་བཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གསོ་རིག་ལག་རྩལ་དེ་མང་ཚོགས་ཀྱི་འཚོ་བའི་ནང་ཁྱབ་གདལ་དུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་གཞི་རིམ་སྨན་བཅོས་ཞབས་ཞུའི་གཞི་རྟེན་གཙོ་བོར་གྱུར་ཡོད།
གུང་ཧོ་རྫོང་གིས་ཀྲུང་བོད་ལུགས་གསོ་རིག་གི་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཞབས་ཞུའི་མ་ལག་བཙུགས་ནས། རྫོང་མ་བུའི་བདེ་སྲུང་དང་འཆར་ལྡན་བུ་བཙའི་ལག་རྩལ་མཛུབ་སྟོན་ལྟེ་གནས་། ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང14ལ་ཀྲུང་བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་ཁྱབ་པར་བྱས་ཤིང་། ཀྲུང་བོད་ལུགས་གསོ་རིག་སྒོ་བསྟེན་སྨན་ཁང་གཙོ་བོ3དང་། ཚད་ལྡན་ཅན་གྱི་བོད་ལུགས་གསོ་རིག་འགྲེམ་སྟོན་ཁང56བཙུགས་ཡོད་ལ། 85%ཡན་གྱི་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་གིས་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་མཁོ་འདོན་བྱས་ཏེ་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས། ཀྲུང་བོད་ལུགས་གསོ་རིག་གི་ཉིན་མོའི་ནད་ཁང་ཞེས་པ་ཁྱབ་གདལ་དང་། དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་དང་སྨན་བཅོས་འགྲོ་སོང་རྩིས་ཞུ་མངོན་འགྱུར་བཅས་བྱས་ཏེ། རིམ་རྩིས་བྱས་ན་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་སྒོར་ཁྲི་བརྒྱ་ལས་བརྒལ་བ་ཇེ་ཡང་དུ་བཏང་ཡོད། ནད་བརྟག་སྨན་བཅོས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏང་རྒྱུ་དང་། བྱེད་ནུས་ཚན་ཁག་དང་ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་སྒྲིག་ཆས་ཆ་ཚང་དུ་གཏང་རྒྱུ། སྐམ་ཁབ་དང་བོད་ལུགས་གསོ་རིག་གི་མེ་བཙའ་སོགས་ལག་རྩལ12ཡན་མཁོ་འདོན་བྱ་རྒྱུ། རྒྱུན་མཐོང་གི་ནད་དང་གཅོང་ནད་ལ་གནད་འཁེལ་སྔོན་འགོག་བྱ་རྒྱུ། རྒན་པར་སྨན་བཅོས་བྱེད་པར་བོད་སྨན་གྱི་རིན་མི་ལེན་པའི་ཞབས་ཞུའི་ལས་གཞི་གསར་སྣོན་བྱ་རྒྱུ། བདེ་ཐང་ཡིག་ཚགས་འཛུགས་པ་དང་ཟུང་འབྲེལ་བྱས་ནས་བདེ་སྲུང་སྔོན་འགོག་གི་ཁྲིད་སྟོན་བྱ་རྒྱུ་དང་། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་བཅས་རེད།
གཞི་རིམ་བོད་ལུགས་གསོ་རིག་ཁང་གིས་སྨན་བཅོས་དང་བདེ་སྲུང་སྔོན་འགོག་གི་འགན་ནུས་བསྒྲུབས་ཏེ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་དགེ་མཚན་མཉམ་འདྲེས་བྱེད་པ་དང་ཆབས་ཅིག ཁྱིམ་ཚང་སྨན་པའི་སྲུང་སྐྱོང་གི་ནུས་པ་འདོན་སྤེལ་བྱས་ནས། སྡེ་བ་དང་དུད་ཁྱིམ་དུ་སོང་ནས་སྨན་བཅོས་གནས་ཚུལ་རྒྱུས་ལོན་དང་དལ་བའི་ནད་ལ་དོ་དམ་བྱེད་པའི་གན་རྒྱ་བཞག་ནས་མང་ཚོགས་ཀྱིས་ནད་ལ་བལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱེད་པ་དང་།བདེ་ཐང་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱས་ནས། ཀྲུང་བོད་ལུགས་གསོ་རིག་གིས་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པར་རོགས་འདེགས་བྱ་རྒྱུ་རེད།