གཙོ་གནད།2 详情

རང་ཁུལ་གྱིས་ཁ་གཏད་རོགས་སྐྱོར་བརྗོད་དོན་ཡིན་པའི་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ།

ཟླ5པའི་ཚེས24ཉིན་གྱི་སྔ་དྲོར། ཀྲུང་དབྱང་ལས་ཁུངས་དང་ཅང་སུའུ་ཞིང་ཆེན་གྱི་སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་ལས་བྱེད་འཇོན་མི་དང་། ཁྲི་ཀ་རྫོང་གི་ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག22ཀྱི་དང་བླངས་པ100ལྷག་ཁྲི་ཀ་རྫོང་དུ་འཛོམས་ནས། མཉམ་དུ་བླ་ཤིང་འཛུགས། སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཅེས་པའི་དྭངས་གཙང་གི་རྨ་ཆུར་སྲུང་སྐྱོང་བྱེད་པའི་སྡོང་འཛུགས་ནགས་སྐྲུན་ཀྱི་བྱེད་སྒོར་ཞུགས་ཏེ། མ་ཡུམ་ཆུ་བོའི་བཞུར་རྒྱུད་དུ་ལྗང་སྒྱུར་བྱས་ཏེནས་ས་གནས་གཉིས་ཀྱི་བརྩེ་སེམས་མཚོན་པའི་སྐྱེ་ཁམས་ཀྱི་རྣམ་པ་གསར་བ་བསྐྲུན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་ལས་བྱེད་འཇོན་མིའི་སྤྱིའི་སྣེ་ཁྲིད་པའམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཆང་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཏའེ་མིན་ཅེ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ཏེང་ཧྲེང་ཕེང་བཅས་བྱེད་སྒོར་ཞུགས།

ཀའོ་ཆང་གིས་སྐོར་ཐེངས་དྲུག་པའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་འཇོན་མིའི་ཚབ་བྱས་ནས་གཏམ་བཤད་སྤེལ། ཁོས་ཀྲུང་དབྱང་ལས་ཁུངས་དང་ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་དང་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་བཅས་ཁྲི་ཀར་འཛོམས་ནས། མཉམ་དུ་སྡོང་འཛུགས་ནགས་བསྐྲུན་བྱས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་སྒོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས་་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ལག་ལེན་དུ་བསྟར་བ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་བྱས་ཏེ། མཐོ་སྒང་དུ་ལྗང་སྒྱུར་བྱེད་པ་དང་བརྩེ་སེམས་མཚོ་སྔོན་དུ་བཞག་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་སྐྱེ་ཁམས་བདེ་འཇགས་སྲུང་བའི་བྱེ་བྲག་གི་ལག་ལེན་ཞིག་ཡིན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྡོང་འཛུགས་ནགས་སྐྲུན་ལས་སྐོར་ཐེངས་དྲུག་པའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་འཇོན་མིས་རྨ་ཆུའི་འགྲམ་རྒྱུད་དུ་མཐོ་སྒང་གི་བླ་ཤིང་ལྟར་གཞི་རིམ་ལ་རྐང་བཙུགས་ཏེ། ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲུབ་འབྲས་བཟང་པོ་ལེན་པའི་བརྩོན་སེམས་ལ་བདེན་དཔང་བྱ་ཐུབ་ཞེས་བསྟན།

ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ་བ་དང་། ཁོས་མཚོ་ལྷོ་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་དབྱང་ལས་ཁུངས་དང་ཅང་སུའུ་ཞིང་ཆེན་གྱི་སྐོར་ཐེངས་དྲུག་པའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱེ་ལས་བྱེད་འཇོན་མི་དང་མཉམ་དུ་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་འདི་སྤེལ་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་ཏུ་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དྭངས་གཙང་གི་རྨ་ཆུའི་ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན་ལེགས་པོར་སྐྱོང་བའི་བྱེ་བྲག་གི་འགུལ་སྐྱོད་ཞིག་ཡིན་ལ། ཉེ་བའི་ལོ་འགའི་རིང་། ཀྲུང་དབྱང་ལས་ཁུངས་དང་ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཐུགས་ཁུར་ཟབ་མོས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ་ཡོད་ལ། རོགས་སྐྱོར་ཐེབས་པའི་ས་ཁུལ་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཇེ་ཟབ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཏང་སྟེ། དཔུང་བ་མཉམ་གཤིབ་ཀྱིས་མཚོ་ལྷོའི་དར་རྒྱས་དང་བདེ་འཇགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ཡོད་པ་དང་། ཁ་གཏད་རོགས་སྐྱོར་གྱི་ནགས་ཚལ་ནི་སྐྱེ་སྟོབས་ཀྱིས་ཁེངས་བའི་བླ་ཤིང་ཡིན་པས། མཐོ་སྒང་དུ་གཞི་ཚུགས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་དུ་འགྱུར་སྲིད་ལ། བརྩེ་བ་མཉམ་སྐྱོང་བྱེད་པའི་མཛའ་བརྩེའི་ཤིང་སྡོང་ཡིན་པས། ཀྲུང་དབྱང་དང་ས་གནས་ཀྱི་བློ་སེམས་གཅིག་མཐུན་དང་ཅང་སུའུ་དང་མཚོ་སྔོན་གྱི་ལག་གདང་སྦྲེལ་བའི་མཚོན་རྟགས་ཤིག་ཏུའང་འགྱུར་སྲིད་པས། ས་གནས་གཉིས་ཀྱིས་བརྩེ་བ་ཇེ་ཟབ་ཏུ་གཏོང་བའི་ཟིན་ཐོ་གསར་པ་བསྐྲུན་ངེས། དམངས་ཕྱུག་ཁུལ་སྟོབས་ཀྱི་དར་རྒྱས་ཤིང་སྡོང་ཞིག་ཀྱང་ཡིན་པས། ས་གནས་མང་ཚོགས་ཀྱིས་རབ་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པ་དང་འབབ་འཕར་ལ་སྐུལ་ཁྲིད་བྱས་ཏེ་རི་ཆུ་སྔོན་མོ་དེ་གསེར་རི་དངུལ་རིར་འགྱུར་སྲིད་ཞེས་བསྟན།

ཏའེ་མིན་ཅེ་ཡིས་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་གྱི་སྲིད་དོན་བྱ་བར་མགོ་འཛིན་བྱེད་སྐབས། ཁོས་བཤད་རྒྱུར། རྨ་ཆུའི་འགྲམ་རྒྱུད་དུ་བཙུགས་པའི་སྡོང་ཕྲུག་རེ་རེ་ནི་ཁ་གཏད་རོགས་སྐྱོར་བར་གྱི་མཐུན་སྒྲིལ་དང་མཛའ་བརྩེ་མཚོན་པའི་སྡོང་བོ་ཡིན་ལ། སྐྱེ་ཁམས་སྲུང་སྐྱོང་གི་རེ་བ་མཚོན་པའི་སྡོང་བོའང་ཡིན་ཟེར། ཚང་མས་བླ་ཤིང་གི་མཚོན་དོན་ལྟ་བུའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་འཇོན་མི་ཞིག་དང་། མཐོ་སྒང་གི་སྐྱེ་ཁམས་སྲུང་མཁན་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་པ་ཞིག་བྱེད་པར་བརྩོན་ལེན་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་བརྟན་པོར་གཏོང་བར་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

 སྡོང་འཛུགས་ནགས་སྐྲུན་གྱི་ཡུལ་དངོས་སུ། ཀྲུང་དབྱང་ལས་ཁུངས་དང་ཅང་སུའུ་ཞིང་ཆེན་གྱི་སྐོར་ཐེངས་དྲུག་པའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་འཇོན་མིས་ཁྲི་ཀ་རྫོང་གི་ལས་བྱེད་ལས་བཟོ་དང་མང་ཚོགས་ཀྱི་འཐུས་མི་ཡོངས་དང་མཉམ་དུ་རྨ་ཆུའི་བཞུར་རྒྱུད་དུ་སྡོང་འཛུགས་ནགས་སྐྲུན་བྱས་ཤིང་། ཁོ་ཚོའི་དཀའ་སྡུག་གི་རྔུལ་ཁྲག་ལས་བྱུང་བའི་སྡོང་ཕྲུག་གསར་བ་དེ་དག་རླུང་ཆེན་གྱི་ཁྲོད་ན་ཀྲོང་ངེར་འགྲེང་ཡོད། བླ་ཤིང་གི་དྲན་རྟེན་བྱང་བུ་རེ་རེའི་སྟེང་དུ་མཚོ་སྔོན་ཁ་གཏད་རོགས་སྐྱོར་པའི་བརྩེ་སེམས་དང་སྨོན་ཚིག་བཀོད་ཡོད་པར་མ་ཟད། ཁོ་ཚོས་ཀྱང་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དུ་བསྟར་ཏེ། རི་ཀླུང་སྟོང་ཕྲག་བརྒལ་བའི་མཉམ་ལས་ཀྱི་འབྲེལ་ལམ་བཟང་བོ་ཞིག་བཙུགས་ཡོད་ལ། རྨ་ཆུ་དྭངས་མོར་སྲུང་སྐྱོང་བྱེད་པ་བརྗོད་དོན་གཙོ་བོ་ཡིན་པའི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་གྱིས་རོགས་སྐྲུན་བྱེད་མཁན་ཕྱོགས་གཉིས་བར་གྱི་འབྲེལ་འདྲིས་དང་རེ་བའང་མཚོན་ཡོད། ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཡི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་ས་དེ་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེས་ཆེ་ས་དེ་སྐྱེ་ཁམས་ཡིན་པ། ནུས་ཤུགས་ཆེས་ཆེ་ས་དེ་སྐྱེ་ཁམས་ཡིན་པ་བཅས་ཀྱི་ཞིང་ཆེན་གྱི་ངེས་གནས་ལ་གཞི་བཙུགས་ཏེ་སྒུལ་ནུས་ཆེན་པོ་བསྩལ་ཡོད་ལ། སྔ་གཞུག་ཏུ་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་གི་ལས་གཞི་ཁག་ཅིག་གནད་འཁེལ་གྱིས་ལག་བསྟར་བྱས་ཏེ། མཚོ་ལྷོ་ཁུལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་ཅང་སུའུ་ཡི་སྒུལ་ནུས་བསྩལ་བར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེའང་མཉམ་སྡོད་མཉམ་སྒྲུབ་དང་མཉམ་སྐྲུན་མཉམ་སྤྱོད་ཁྲོད་སྔར་ལས་བརྟན་པོར་བཏང་སྟེ། ལེ་དབར་སྟོང་ཕྲག་བརྒལ་བའི་ཁ་གཏད་རོགས་སྐྱོར་གྱི་མཛའ་བརྩེ་ཡིས་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་དྲོད་ཁོལ་སྦྱིན་ཡོད་པ་རེད།


热门新闻

热门图库

热门排行