ཆར་ཤུལ་གྱི་བྲག་རིའི་མཛེས་ཉམས།

དབྱར་གྱི་དཔལ་ཡོན་བཞད་པ་དང་མཉམ་དུ། ཆར་པ་ཟམ་ཟིམ་བབས་པ་ལས་ཁྲི་ཀ་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་ཆེས་མཛེས་སྡུག་གི་རྣམ་པ་ཞིག་མངོན་ཡོད།
ཟླ5པའི་ཚེས24ཉིན། གསར་འགོད་པ་སྤྱི་གླིང་དུ་བསྐྱོད་པ་ན། སྐྱེར་པའི་མེ་ཏོག་གི་དྲི་བསུང་དེ་བྱེ་རྡོའི་བར་གསེབ་ནས་བསིལ་རླུང་དང་འགྲོགས་ཏེ་ངོ་གདོང་ལ་འཇམ་ཤིག་གེར་ལྡང་བྱུང་བས་སེམས་ཁམས་ཧ་ཅང་དྭངས་པར་བྱས།
རྒྱང་རིང་ལ་མིག་ཞགས་འཕེན་ཚེ། ཆར་ཆུས་བརླན་པའི་བྲག་རིའི་མཚལ་ལྗོངས་ལ་སྨུག་མདོག་དང་ལི་སེར། སྔོ་སྐྱ་སོགས་ཀྱི་ཁ་དོག་འཚེར་ནས་རྒྱུན་ལྡན་ལས་ཀྱང་ལྷག་ཏུ་བཀྲ་ཞིང་མཛེས་སྡུག་གི་དཔལ་འབར་བར་སྣང་།
ཡུལ་སྐོར་བ་མང་པོ་ཞིག་གིས་ཆེད་དུ་གོམ་ཁ་ལྷོད་ལ་བབས་ཏེ། མཛེས་ལྗོངས་ལ་རོལ་བ་དང་ཆབས་ཅིག ཆར་སྨུག་ཁྲོད་ཀྱི་བྲག་རིའི་མཚལ་ལྗོངས་རྒྱབ་ལྗོངས་བྱས་ཏེ་དྲན་རྟེན་དུ་པར་རྒྱག་བཞིན་འདུག