རྒྱལ་སྤྱི། 详情

ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་སྐམ་དམག་ཇུས་འདོན་དཔོན་དབྱི་ལང་དུ་འདུམ་འགྲིག་ལ་སོང་ནས་འཕེལ་རིམ་བཟང་པོ་བླངས་ཡོད་ཟེར།

ཕ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཚེས23ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ཁི་སི་ཐན་གྱི་སྐམ་དམག་ཇུས་འདོན་དཔོན་མུའུ་ཉི་ཨར་གྱིས་དབྱི་ལང་དུ་དུས་ཡུན་ཐུང་ཞིང་གྲུབ་འབྲས་མངོན་གསལ་ལྡན་པའི་འཚམས་འདྲི་བདེ་བླག་ངང་མཇུག་བསྒྲིལ་བ་དང་། དབྱི་ལང་དང་ཨ་རི་གཉིས་ཀྱིས་བསམ་ཤེས་བྱེད་རྒྱུའི་ཐད་བྱེད་ནུས་བཟང་པོ་འདོན་སྤེལ་བྱས་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། འཚམས་འདྲིའི་སྐབས་སུ། མུའུ་ཉི་ཨར་གྱིས་དབྱི་ལང་གི་མཐོ་རིམ་བར་དང་ཞལ་འཛོམས་གྲོས་མོལ་བྱས་ཤིང་། འདི་ནི་དེང་སྐབས་ཕ་ཁི་སི་ཐན་གྱིས་དབྱི་ལང་དང་ཨ་རིའི་འདུམ་འགྲིག་ཐད་ནས་སྤེལ་བའི་བྱ་བའི་ལས་རིམ་ཁག་ཅིག་ཡིན་ལ། གཙོ་བོ་གནས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་མ་ཟད་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། འདུམ་འགྲིག་ལ་འབད་པ་བྱེད་དོན་གྱི་རྩ་བ་ཡང་དབྱི་ལང་དང་ཨ་རིས་དམག་འཁྲུག་མཚམས་བཞག་པའི་ཚུན་དུ། ས་ཁུལ་གྱི་ཟང་ཟིང་གནས་བབ་མུ་མཐུད་ཛ་དྲག་ཏུ་འགྱུར་བཞིན་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། མུའུ་ཉི་ཨར་གྱིས་སོ་སོ་ནས་དབྱི་ལང་གི་སྲིད་འཛིན་ཕེ་ཙི་ཞི་ཆི་དབྱང་དང་། གྲོས་གཙོ་ཁ་ལི་པ་ཧྥུའུ། ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་དང་ནང་སྲིད་པུའུ་ཀྲང་མཱོ་མའེ་ཉི་སོགས་དང་ཐུག་འཕྲད་བྱས་ཏེ། དེང་སྐབས་སྤེལ་བའི་བཞིན་པའི་གྲོས་མོལ་གྱི་འཕེལ་རིམ་དང་། དབུས་ཤར་ས་ཁུལ་དུ་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱས་པར་བརྟེན། དབྱི་ལང་དང་ཨ་རིའི་བར་མཇུག་མཐའི་གྲོས་ཡིག་འགོད་ཐུབ་པར་སྐུལ་མ་གཏོང་རྒྱུ་གྲོས་མོལ་གྱི་དམིགས་ཡུལ་ཡིན་ཟེར།

གསལ་བསྒྲགས་ལས་ནན་བཤད་བྱས་དོན། ཞལ་འཛོམས་གྲོས་མོལ་དེ་དགེ་མཚན་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་པའི་ཁྲོད་དུ་སྤེལ་བཞིན་ཡོད་ལ། གཅིག་འདུས་ཀྱི་གྲོས་མོལ་ལས་ཚང་མར་སྐུལ་མ་ཐེབས་པའི་འཕེལ་རིམ་བླངས་ཡོད་པས། དབྱི་ལང་དང་ཨ་རིས་མཐར་མཇུག་ཕན་ཚུན་བཟོད་གསོལ་བྱེད་པའི་གྲོས་ཡིག་འགོད་པར་ཐག་ཇེ་ཉེ་རུ་སོང་ཡོད་ཟེར།


热门新闻

热门图库

热门排行