དབྱི་ལང་སྨྱན་སྦྱོར་གྱིས་ཧོ་ཨར་མུའུ་ཙི་མཚོ་འགག་དང་འབྲེལ་ཡོད་ཐད་ཐི་ལང་ཕུའུ་ཡི་བཤད་སྟངས་གསར་ཤོས“ཆ་ཚང་ཞིག་མིན”ཟེར།
དབྱི་ལང་ཧྥ་འར་སི་གསར་འགྱུར་ཁང་གིས་ཚེས24ཉིན་གྱི་ཐོ་རེངས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་སྤྱི་འབྲེལ་སྨྱན་སྦྱོར་དུ་སྒྲོག་སྤེལ་བྱས་པའི“ཧོ་ཨར་མུའུ་ཙི་མཚོ་འགག་སྒོ་འབྱེད་རྒྱུ་ཡིན་པའི”སྐོར་གྱི་གཏམ་བཤད “ཆ་ཚང་བ་ཞིག་མིན”ཅེས་བཀོད་ཡོད།
གསར་འགོད་ལྟར་ན། ཧྥའར་སི་གསར་འགྱུར་ཁང་གི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཡིག་ཆ་གསར་པ་བརྗེ་རེས་བྱས་པ་ལས་གྲོས་མཐུན་བྱུང་རུང་ཧོ་ཨར་མུའུ་ཙི་མཚོ་འགག་དེ་དབྱི་ལང་གིས་མུ་མཐུད་དུ“དོ་དམ”བྱ་རྒྱུ་རེད། དེ་ལས་གཞན། དབྱི་ལང་གིས་ཧོ་ཨར་མུའུ་ཙི་མཚོ་འགག་གི་གྲུ་གཟིངས་གྲངས་ཀ་དེ་དམག་འཁྲུག་སྔོན་གྱི་ཆུ་ཚད་དུ་སླར་གསོ་བྱ་རྒྱུའི་མོས་མཐུན་བྱུང་ཡོད་མོད། འོན་ཀྱང་མཚོ་འགག་དམག་འཁྲུག་སྔོན་གྱི“རང་དབང་འགྲོ་སྐྱོད”ཀྱི་རྣམ་པར་ཐོན་ཐུབ་པ་མཚོན་གྱིན་མེད།
གསར་འགོད་ལས་ཧོ་ཨར་མུའུ་ཙི་མཚོ་འགག་གི་དོ་དམ་དང་ལམ་ཐིག་འཆར་འགོད། གྲུ་གཟིངས་བསྐྱོད་པའི་དུས་ཚོད་དང་བྱེད་སྟངས། དེ་མིན་ཆོག་འཐུས་དབང་ཆ་ཆ་ཚང་བཅས་སྔར་བཞིན་དབྱི་ལང་གིས་འཛིན་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད། དེར་བརྟེན། ཐི་ལིང་ཕུའུ་ཡི་འབྲེལ་ཡོད་རྣམ་འགྱུར་དེ་ཆ་ཚང་ཞིག་མིན་ལ་དོན་དངོས་དང་ཡང་མི་མཐུན་པ་རེད།
ཨ་རིའི་ཤར་རྒྱུད་ཀྱི་ཚེས23ཉིན་གྱི་ཕྱི་དྲོར། ཐི་ལིང་ཕུའུ་ཡིས་སྤྱི་འབྲེལ་སྨྱན་སྦྱོར་དུ་ཡིག་ཆ་སྤེལ་ནས། ཨ་རི་དང་དབྱི་ལང་བར་སྤྱིར་གྲོས་ཡིག་ཅིག་གྲུབ་ཟིན་པས། ཨ་རི་དང་དབྱི་ལང་ཕྱོགས་གཉིས་དང་དེ་མིན་འབྲེལ་ཡོད་དབྱི་སི་ལན་རྒྱལ་ཁབ་ཀྱིས་མཇུག་མཐའི་གཏན་འཁེལ་བྱ་རྒྱུར་ལུས་ཡོད་ཟེར། གྲོས་ཡིག་གི་ནང་དོན་ལ་ཧོ་ཨར་མུའུ་ཙི་མཚོ་འགག་སྒོ་འབྱེད་རྒྱུ་ཚུད་ཡོད།