སྲིད་དོན། 详情

ཞུང་ཡོན་ལའེ་ཡིས་སྣེ་ཁྲིད་དེ་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུ་རུ་བྱ་བར་འབྲེལ་མཐུད་བྱས་པ།

  རང་ཚགས་པར་གྱི་འཕྲིན།  ཟླ5པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་སྣེ་ཁྲིད་དེ་སྔ་རྗེས་སུ་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུར་འཚམས་འདྲི་དང་བྱ་བར་འབྲེལ་མཐུད་བྱེད་དུ་སོང་ནས་འགན་འཁུར་བློ་མཐུན་དང་མཉམ་དུ་བཞུགས་མོལ་བརྗེ་རེས་གནང་སྟེ། ཁོ་ཚོས་དུས་ཡུན་རིང་པོའི་ནང་མཚོ་ལྷོ་ཁུལ་ལ་མཛུབ་ཁྲིད་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལས་སྒོའི་མཛུབ་ཁྲིད་དང་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་ཡང་གནང་བ་རེད།

   ཞིང་ཆེན་སྤྱིའི་བཟོ་ཚོགས་སུ་ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་ཏུ་བསྟར་ཏེ། རིམ་པ་ཁག་གིས་བསམ་པའི་རིག་གནས་ཚོགས་ཆུང་སོགས་བཙུགས་ཏེ། གཞི་རིམ་བཟོ་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཧུར་ཐག་གིས་ཟབ་ཞུགས་བྱེད་པར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། ཏང་དང་མང་ཚོགས་ཀྱི་བློ་སེམས་གཅིག་མཐུན་ངང་མཉམ་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་དེང་རབས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོར་འདེགས་སུ་བཏང་བ་ཡིན་ལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྔར་བཞིན་མཚོ་ལྷོ་ཁུལ་གྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་གནང་སྟེ། རྩལ་ནུས་གསོ་སྦྱོང་དང་དཀའ་ངལ་ཅན་ལ་རོགས་སྐྱོར། ལས་སྒྲུབ་ཁོར་ཡུག་འཐུས་ཚང་དུ་གཏོང་བ། ཁམས་གསོ་སོགས་ཀྱི་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་ལྷོའི་སྤུས་མཐོའི་འཕེལ་རྒྱས་ལ་ནུས་ཤུགས་སྩོལ་དགོས་པའི་རེ་བའང་བཏོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལུས་ཞན་ཧྭ་ཡིས་མཚོ་ལྷོ་ཁུལ་ཨུས་བཟོ་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བར་ཁས་ལེན་གནང་བ་དང་། མཚོ་ལྷོ་ཁུལ་གྱི་བཟོ་ཚོགས་ལས་དོན་གྱི་ཁྱད་ཆོས་འབུར་ཐོན་དང་ཕན་འབྲས་མངོན་གསལ་དོད་པོ་ཡིན་པས། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བྱ་བའི་ཐད་ཀྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་བཏང་ནས། ཞབས་ཞུའི་ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ་དང་དམངས་ཕན་བྱེད་ཐབས་དོན་འཁྱོལ་བྱས་ཏེ། བཟོ་ཚོགས་ཀྱི་དམངས་སེམས་ལ་དྲོད་ཁོལ་སྦྱིན་པའི་ཞབས་ཞུར་བརྟེན་ནས་མི་སེམས་དང་ངར་ཤུགས་གཅིག་ཏུ་བསྒྲིལ་ནས་མཚོ་ལྷོ་ཁུལ་གྱི་ལས་དོན་སོ་སོ་བརྟན་པོའི་ངང་འཕེལ་རྒྱས་སུ་གཏོང་བར་མཉམ་ཤུགས་འདོན་རྒྱུ་ཡིན་པ་བསྟན།

   གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུ་རུ་ཞུང་ཡོན་ལའེ་ཡིས་གུང་གཞོན་ཚོགས་པར་ཐབས་ལམ་གྱི་ཐོན་ཁུངས་དང་གསར་གཏོད་ཀྱི་གསོན་ཤུགས་མོད་པས། གཞི་རིམ་བཅོས་སྐྱོང་ཟབ་སྤེལ་དང་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཏུ་གྱུར་ཡོད། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་དང་། མཚོ་ལྷོའི་གཞོན་ནུའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྩལ་ནུས་གསོ་སྦྱོང་དང་། སེམས་ཁམས་ཁྲིད་སྟོན། གཞོན་ནུའི་ཁེ་ལས་ནང་འདྲེན། དང་བླངས་ཞབས་ཞུ་སོགས་ཀྱི་ཐད་རོགས་རམ་སྔར་ལས་མང་པོ་བྱེད་པ། གཞོན་ནུའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། གཞི་རིམ་གྱི་སྟོབས་ཤུགས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་རོགས་རམ་བྱ་རྒྱུའི་རེ་བ་བཏོན་ལ། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུའི་ཡེ་མིན་ཧྲེང་གིས་མཚོ་ལྷོའི་འཕེལ་རྒྱས་ལ་བསྔགས་བརྗོད་ཚད་མེད་གནང་སྟེ། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་དགེ་མཚན་འདོན་སྤེལ་བྱས་ནས། ཞིང་ཆེན་དང་ཁུལ་གཉིས་མཉམ་འགུལ་མཐུན་སྦྱོར་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་གནད་འཁེལ་སྦྲེལ་མཐུད་བྱེད་པ། གཞི་རིམ་ལ་ཐོན་ཁུངས་ཀྱི་དགེ་མཚན་མཁོ་འདོན་བྱེད་པ། གཞོན་ནུ་ཤེས་ལྡན་མི་སྣའི་འཚར་ལོངས་ཀྱི་ལས་སྟེགས་བཏོད་པ་བཅས་བྱས་ཏེ། གཞི་རིམ་གུང་གཞོན་ཚོགས་པའི་ལས་དོན་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པར་མཉམ་དུ་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།།


热门新闻

热门图库

热门排行