གནད་བསྡུས། 详情

མཚོ་ལྷོ་ཁུལ་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱིས་སྐབས་དང་པོའི་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཟླ5པའི་ཚེས20ཉིན། མཚོ་ལྷོ་ཁུལ་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱིས་སྐབས་དང་པོའི་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཤིང་། ཁུལ་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི20ཚོགས་འདུར་ཞུགས།

     ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁུལ་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་བཙུགས་པའི་ཚུན་གྱི་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས། ཁུལ་སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི2026ལོའི་བྱ་བའི་འཆར་གཞི་དང་ཉེ་སྔོན་གྱི་ཞིབ་འཇུག་སྤྱི་ཕན་བྱ་འགུལ་གྱི་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ལས་འཛིན་འཐུས་མི་ཁ་ཤས་ཀྱིས་ལས་རིགས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་དང་ཐབས་འདོན་ཇུས་འབུལ་བྱས་པ་རེད།

ཚོགས་འདུ་ལས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་གཞུང་ལུགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ། བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་མོ་སྲུང་བ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་ཨུ་དང་སྲིད་གཞུང་གི་རྗེས་སུ་འབྲང་དགོས། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་གཙོ་གནད་བྱ་བར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ལས་གནས་བརྟན་སྲུང་སྒོས་སྤྱི་ཕན་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང་སོགས་སྤྱི་ཚོགས་ལག་ལེན་ཁྲོད་རང་འགུལ་ངང་ཞུགས་དགོས། དུས་མཚུངས་སུ་ནང་ཁུལ་གྱི་དོ་དམ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། རྐང་འཛིན་དཔུང་ཁག་སྟོབས་ཆེར་གཏོང་བ་དང་བྱ་འགུལ་སྟེགས་བུ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྩ་འཛུགས་འཛུགས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

   ཚོགས་འདུ་ལས་ལས་འཛིན་ཡོངས་ཀྱིས་ལས་གནས་ཀྱི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས། འགན་འཁྲི་སྣང་མེད་དུ་གཏོང་བའི་སྣང་ཚུལ་གཏན་འགོག་བྱེད་པ་དང་། རྒྱ་ཆེའི་སྤྱི་ཚོགས་རིམ་པ་གསར་པའི་མི་སྣར་མཐུན་སྒྲིལ་བྱེད་པ། འབྲེལ་མཐུད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བློ་གཅིག་སེམས་གཅིག་དང་འབད་འཐབ་ལྷོད་མེད་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེབས་ཞུས་ནས། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གཏན་འཇགས་ཀྱི་རྣམ་པ་བཟང་བོ་ཆགས་པར་སྤྱི་ཚོགས་རིམ་པ་གསར་པའི་མི་སྣས་མུ་མཐུད་དུ་བློ་གྲོས་དང་སྟོབས་ཤུགས་ཕུལ་དགོས་པའི་བླང་བྱ་བཏོན།


热门新闻

热门图库

热门排行