རྒྱལ་སྤྱི། 详情

ཏིང་ཞུའེ་ཞང་གིས་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་མེན་ཐུའུ་ལུའོ་ཧྥུའུ་ལ་ཐུག་འཕྲད་གནང་བ།

   ཟླ5པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིན་དུ་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་མེན་ཐུའུ་ལུའོ་ཧྥུའུ་ལ་ཐུག་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཚེས19ཉིན་པེ་ཅིན་དུ་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་མེན་ཐུའུ་ལུའོ་ཧྥུའུ་ལ་ཐུག་འཕྲད་གནང་།

    ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་འབྲེལ་ཡོད་ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ད་ལོ་ནི་ཀྲུང་ཨུ་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་དང《ཀྲུང་ཨུའི་ཁྱིམ་མཚེས་མཛའ་བརྩེའི་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར25ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བཟུང་ནས། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཀྲུང་ཨུའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་མཐུན་སྦྱོར་བྱེད་ནུས་འདོན་སྤེལ་བྱེད་པ་དང་། གཙོ་གནད་ལས་གཞི་ལ་བརྟན་རླིང་ངང་སྐུལ་འདེད་བཏང་སྟེ། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ་སྔར་ལས་མང་བའི་གྲུབ་འབྲས་བརྩོན་ལེན་བྱས་ནས། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་བསྣོན་དགོས།

མེན་ཐུའུ་ལུའོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཧུར་ཐག་གིས་ཕྱོགས་གཉིས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ཐག་བཅད་དེ་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་འདོད་ཡོད། །


热门新闻

热门图库

热门排行