གཙོ་གནད། 详情

ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་རྣམ་གཉིས་ཀྱིས་ཇ་མོལ་གནང་བ།

ཟླ5པའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་ཇ་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་ཇ་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་མང་པོའི་རིང་། ང་དང་སྲིད་འཛིན་ཕུའུ་ཅིན་གྱིས་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་དོན་དངོས་སུ་འགྱུར་བར་སྣེ་ཁྲིད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་གྲོགས་སྔར་བས་མི་སེམས་སུ་གཏིང་ཟབ་ངང་ཟུག་པར་སྐུལ་འདེད་བཏང་ནས། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་གསར་དར་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་དཔེ་མཚོན་བཙུགས་ཡོད་ལ། ཟང་ཟིང་རྙོག་འཛིང་གི་འཛམ་གླིང་ལ་མུ་མཐུད་དུ་རྩ་ཆེ་བའི་གཏན་འཇགས་རང་བཞིན་བསྩལ་ཡོད། དེ་རིང་ངས་སྲིད་འཛིན་ཕུའུ་ཅིན་དང་མཉམ་དུ་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་ཆགས་ཡོད། ཕྱོགས་གཉིས་ཀྱིས་འབད་འབུངས་ལྷོད་མེད་འོག ཀྲུང་ཨུ་འབྲེལ་བས་མུ་མཐུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱས་ནས། ཉིན་བཞིན་ཡར་རྒྱས་ཀྱིས་སྔར་ལས་སྟོབས་ཆེར་འགྲོ་ངེས་པའི་ཡིད་ཆེས་ཡོད། 

ཕུའུ་ཅིན་གྱིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་ནི་དངོས་བརྩོན་ཕན་མཐོ་དང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འདས་སོང་གི་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། རྒྱ་ཆེའི་གྲོས་གཞི་ལ་གཞིགས་ནས་བསམ་འཆར་བརྗེ་རེས་གནང་ལ། རྗེས་ཕྱོགས་ཀྱི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁ་ཕྱོགས་གཏན་ཁེལ་བྱས་པས། ཨུ་ཀྲུང་འབྲེལ་བ་ཐོག་མཐའ་བར་གསུམ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་སྲུང་འཛིན་ཐུབ་པར་ཕན་པ་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུགས་དམ་ཟབ་རྒྱུན་འཁྱོངས་བྱས་ནས། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཨུ་ཀྲུང་འབྲེལ་བའི་གཏན་ཁེལ་རང་བཞིན་དང་གཏན་འཇགས་རང་བཞིན་གྱིས་འཛམ་གླིང་གི་ཞི་བདེ་གོང་འཕེལ་ལ་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་ཡོད། 

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་རུང་ཝུའུ་ཁི་ལན་ཉམས་ཉེན་སོགས་ཀྱི་ཐད་ནས་དགོངས་འཆར་བརྗེ་རེས་གནང་།

ཚའེ་ཆི་དང་ཝང་དབྱི་ཇ་མོལ་ལ་ཞུགས། །


热门新闻

热门图库

热门排行