གཙོ་གནད། 详情

ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཉམ་དུ་ཀྲུང་ཨུའི་མི་རབས་བར་གྱི་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་དཔེ་མཚོན་འཛུགས་པའི་པར་རིས་འགྲེམ་སྟོན་ལ་ལྟ་སྐོར་མཛད་པ།

2026-05-21 14:45:51 来源: 作者: 编辑:超级管理员

ཟླ5པའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཉམ་དུ་ཀྲུང་ཨུའི་མི་རབས་བར་གྱི་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་དཔེ་མཚོན་འཛུགས་པའི་པར་རིས་འགྲེམ་སྟོན་ལ་ལྟ་སྐོར་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཉམ་དུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་ཨུའི་མི་རབས་བར་གྱི་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་དཔེ་མཚོན་འཛུགས་པའི་པར་རིས་འགྲེམ་སྟོན་ལ་ལྟ་སྐོར་མཛད།

ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་ཀྱིས་སྐབས་དང་སྐབས་སུ་ལྟ་སྐོར་ཞིབ་མོ་གནང་ཞིང་འགྲེལ་བཤད་ལ་གསན་པ་མ་ཟད། དགའ་སྤྲོའི་ངང་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཉེ་བའི་ལོ་འགའི་རིང་གི་མཛའ་བརྩེ་འགྲོ་འོང་མཉམ་ལས་ལ་ཕྱིར་དྲན་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་བསྟན་དོན། ཀྲུང་ཨུ་མཛའ་བརྩེའི་རླབས་ཆེའི་ལས་དོན་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པས། ནམ་ཡང་འགྱུར་མེད་ཡིན་ལ། ཡུན་རིང་བརྟན་རླིང་དང་སྔར་སྲོལ་རྒྱུན་འཛིན་བྱེད་ངེས་ལ། མུ་མཐུད་དུ་ངོ་མཚར་བའི་ལེའུ་གསར་བ་རྩོམ་ངེས་ཡིན།

པར་རིས་འགྲེམ་སྟོན་དེ་ཞིན་ཧྭ་གསར་འགྱུར་ཁང་དང་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གིས་མཉམ་དུ་སྒྲུབ་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཚུན་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བར་གྱི་འགྲོ་འོང་དམ་ཟབ་མངོན་པར་མཚོན་ལ། ཕྱོགས་ཡོངས་ནས་ཀྲུང་ཨུ་ཁྱིམ་མཚེས་མཛའ་བརྩེའི་མཉམ་ལས་ཐད་ཀྱི་འགྱུར་མེད་གོམ་སྟབས་མཚོན་པར་བྱས་ཡོད།

ཚའེ་ཆི་དང་ཏིང་ཞུའེ་ཞང་། ཝང་དབྱི་བཅས་ཞུགས་ཡོད། །




热门新闻

热门图库

热门排行