གཙོ་གནད། 详情

ཞུང་ཡོན་ལའེ་ཡིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་མགོ་གཙོ་ལའེ་ཕེ་ཝུན་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》མུ་མཐུད་དུ་དུས་འགྱང་བྱ་རྒྱུར་འཐད་པ་བྱུང་། 

ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། 

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་སྔ་རྗེས་སུ་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་དང《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར25ལོན་པའི་ལོ་རེད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དང་། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཁྱིམ་མཚེས་ཡུན་རིང་མཛའ་མཐུན་དང་ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ལས་བྱེད་པའི་ལམ་ལུགས་ཀྱི་རྨང་གཞི་གཏན་འཁེལ་བྱས་པས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་ནས་བཟུང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཀྲུང་ཨུའི་འབྲེལ་བ་ནི་གོམ་པ་རེ་རེ་བཞིན་ད་ལྟའི་མཐོ་ཚད་འདིར་སླེབས་པའི་རྒྱུ་མཚན་ནི་ཕྱོགས་གཉིས་ཀྱིས“བར་ཆད་ལན་བརྒྱར་བྱུང་ཡང་བློ་རྩ་བརྟན་པའི”སྙིང་རུས་ལ་བརྟེན་ནས་མུ་མཐུད་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། “སྔར་བས་སྐས་རིམ་གཅིག་འཛེགས་པའི”སྙིང་སྟོབས་ལ་བརྟེན་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་བཏང་བ། “ཟང་ཟིང་རྙོག་འཛིང་ཇི་ལྟར་བྱུང་ཡང་སྔར་བཞིན་བློ་བག་ཆེན་པོའི”སྙིང་སྟོབས་ལ་བརྟེན་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གལ་ཆེན་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་ཀྱི་ཕུགས་ལ་དམིགས་ནས། སྔར་ལས་སྤུས་ཚད་མཐོ་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ལ་བརྟེན་ནས། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རོགས་རམ་བྱེད་པ་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཚིག་བརྩི་བདེན་སྲུང་། མཉམ་ལས་གཉིས་ཕན་བཅས་ཀྱི་རྨང་གཞིའི་སྟེང་། དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཐད་མུ་མཐུད་དུ་ཡིད་ཆེས་གཏིང་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ནུས་ཁུངས། ཚན་རྩལ། མི་ཆོས། ས་གནས་སོགས་ཀྱི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་སྤེལ་བྱས་པས་དམངས་སེམས་འབྲེལ་མཐུད་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་སྔར་ལས་བྱས་རྗེས་ལྡན་པ་དང་སྔར་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་རིམ་གསར་པར་བསླེབས་ཡོད། ཀྲུང་ཨུའི་འབྲེལ་བ་ཡུན་རིང་དང་སྐྱོན་བྲལ། བརྟན་རླིང། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ནི། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་ང་དང་སྲིད་འཛིན་ཕུའུ་ཅིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་དང་། མཉམ་ལས་ཀྱི་སྤུས་ཚད་སྔར་བས་གཏིང་ཟབ་ཏུ་གཏོང་བ། མཛའ་གྲོགས་ཀྱི་ལམ་བུ་སྔར་བས་རྒྱ་ཆེ་རུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་དར་རྒྱས་ཀྱི་དམིགས་ཚད་ལ་དམིགས་ཏེ། ཀྲུང་ཨུའི་མཉམ་ལས་ལམ་སྲོལ་ཁྱོན་ཡོངས་དང་འཐུས་སྒོ་ཚང་བའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྤྱི་འདོམས་ཇུས་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་ཚོང་དོན་མ་འཇོག་དང་ནུས་རྒྱུ་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། ཚན་རྩལ་གསར་གཏོད་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། མདུན་གྲལ་ཁྱབ་ཁོངས་ཀྱི་མཉམ་ལས་བཀོད་སྒྲིག་ཧུར་ཐག་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་གོང་འཕར་གྱི་སྒུལ་ཤུགས་གསར་པ་བསྐྲུན་དགོས། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་མཐུད་ཡོང་རྒྱུར་གཞི་ཚུགས་ཏེ། སློབ་གསོ་དང་རིག་གནས། གློག་བརྙན། ཡུལ་སྐོར། ལུས་རྩལ་སོགས་ཀྱི་མི་ཆོས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་སྤྱི་ཚོགས་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་དང་གཞོགས་འདེགས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་དགོས། 

ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་མཛད་པའི་ཚུལ་རེད།

ཕུའུ་ཅིན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག  ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོན་པོ་ཞིག་ཏུ་བསླེབས་ཡོད། མཐོ་རིམ་འགྲོ་འོང་དམ་ཟབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད། ཕྱོགས་གཉིས་ཀྱི་ཉོ་ཚོང་བརྟན་རླིང་ངང་འཕར་བ་དང་། ནུས་རྒྱུ་མཁོ་སྤྲོད་གཉིས་ཕན་མངོན་འགྱུར་བྱུང་ཞིང་། འགྲིམ་འགྲུལ་དང་ཟོག་འགྲེམས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། མི་ཆོས་རིག་གནས་སྤེལ་རེས་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད་པས“ཨུ་རུ་སུ་དང་ཀྲུང་གོའི་རིག་གནས་ལོ”རྒྱལ་ཁའི་ངང་གཉེར་རྗེས། “ཨུ་རུ་སུ་དང་ཀྲུང་གོའི་སློབ་གསོའི་ལོ”མི་འགྱངས་བར་གཉེར་རྒྱུ་ཡིན། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་ཚོད་བགམ་ཐེག་པ་དང་དུས་ཡུན་རིང་པོར་སྲ་བརྟན་དུ་ཕྱིན་ནས། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་དཔེ་མཚོན་ཏུ་གྱུར་ཡོད། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པས། མིག་སྔའི་དུས་བབ་འོག་སྔར་ལས་གལ་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆིངས་ཡིག་གི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས། འཐབ་ཇུས་མཐུན་སྦྱོར་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་བསླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ནི་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཀྱི་བརྟན་ལྷིང་གི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོར་འཚོག་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གནས་བབ་དང་ཤུགས་རྐྱེན་ལ་མཉམ་དུ་ཤུགས་སྣོན་རྒྱག་པ། གསེར་གྱོམ་རྒྱལ་ཁབ་ཀྱི་ལམ་སྲོལ་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། དཔལ་ཡོན་སྣ་མང་རང་བཞིན་དར་སྤེལ་གཏོང་བཅས་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཨུ་ཙུང་ལིའི་དུས་བཅད་ཐུག་འཕྲད་ལམ་སྲོལ་སྒྲོམ་གཞིའི་འོག་ཙུང་ལི་གཞོན་པ་རིམ་པའི་མཉམ་ལས་ཨུ་ལྷན་གྱི་ཕྱོགས་གཉིས་ཀྱི་ཀྲུའུ་ཞིའི་དངུལ་གཏོང་དང་ནུས་རྒྱུ། དཔལ་འབྱོར་ཚོང་དོན། བྱང་ཤར་དང་རྒྱང་ཤར་ས་ཁུལ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་སྙན་ཞུ་ལ་ཉན་པ་རེད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་ཨུ་དབར་མཐུན་སྦྱོར་མཉམ་ལས་བྱས་ཚུལ་སྙན་སེང་ཞུས། 

ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྔར་ལས་ལྷག་པར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྔར་ལས་ལྷག་པར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས་པ་དང་། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20ལ་མིང་རྟགས་འགོད་པར་བདེན་དཔང་གནང་།

འཚམས་འདྲི་སྐབས་སུ། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་འཛམ་གླིང་སྣེ་མང་ཅན་དར་སྤེལ་དང་གསར་རྒྱལ་སྤྱིའི་འབྲེལ་བ་དར་སྤེལ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས་པ་དང་། ཁྱབ་ཁོངས་གཞན་པའི་མཉམ་ལས་ཡིག་ཆ20ལ་གྲོས་མཐུན་བྱུང་།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་།

    ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་མཛད་སྒོ་སྤེལ།

    ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་མཛད་སྒོ་སྤེལ།

ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་མཛད་སྒོ་སྤེལ།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་མཛད་སྒོ་སྤེལ།

   ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་མཛད་སྒོ་སྤེལ།

   ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་མཛད་སྒོ་སྤེལ།

ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་མཛད། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུའི་མཛད་སྒོ་སྤེལ།

ཕུའུ་ཅིན་འབྱོར་སྐབས། གུས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས། ཕུའུ་ཅིན་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཚའེ་ཆི་དང་ཏིང་ཞུའེ་ཞང་། ཝང་དབྱི། ཧོ་ལི་ཧྥིན། ཀྲང་གོ་ཆིན། ཧྲིན་དབྱི་ཆིན་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །


热门新闻

热门图库

热门排行