ཞུང་ཡོན་ལའེ་ཡིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་མགོ་གཙོ་ལའེ་ཕེ་ཝུན་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་མགོ་གཙོ་ལའེ་ཕེ་ཝུན་འཁོར་དང་བཅས་པར་ཐུག་འཕྲད་གནང་ཞིང་། ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་གཞིགས་ནས་བཞུགས་མོལ་བྱས་ཏེ་བསམ་ཚུལ་བརྗེ་རེས་བྱས།
ཞུང་ཡོན་ལའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དུས་ཡུན་རིང་པོར་མཚོ་ལྷོ་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་མཚོ་ལྷོ་ཁུལ་གྱི་ཐོན་ཁུངས་ཀྱི་དགེ་མཚན་ལེགས་ཤིང་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་ལ། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས། སྐྱེ་ཁམས་ཞིང་ཕྱུགས། ཁྱད་ལྡན་རིག་གནས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བས། དངུལ་རྩ་ལས་ཁུངས་སོ་སོས་ལས་སྒོ་རྒྱ་བསྐྱེད་པ་དང་དངུལ་གཏོང་མཉམ་ལས་ཐད་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད་པ་དང་། འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཚོ་ལྷོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་ནུས་པ་མུ་མཐུད་དུ་ཆེ་རུ་བཏང་སྟེ། དངུལ་རྩའི་ཡིད་རྟོན་དངུལ་བུན་དང་ཁེ་ལས་ཀྱི་མ་དངུལ་མཉམ་འདྲེས། ཞིང་གསུམ་ཞབས་ཞུ། གཞི་རིམ་བཅོས་སྐྱོང་བཅས་ཀྱི་ཕྱོགས་ལ་ནུས་ཤུགས་བཏོན་ནས། ཀུན་ཕན་རང་བཞིན་གྱི་དངུལ་རྩའི་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ། དངུལ་རྩའི་ལས་ཁུངས་དང་ས་གནས་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས་ཞེས་རེ་བ་བཏོན། ལའེ་ཕེ་ཝུན་གྱིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངུལ་རྩའི་ལས་ཁུངས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཏེ། མཚོ་ལྷོ་ཁུལ་གྱི་བྱེད་སྒོའི་བཀོད་སྒྲིག་ལ་ཤུགས་བསྣན་ཏེ། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བར་གྱི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་ནས། ས་གནས་གཞི་རིམ་བཅོས་སྐྱོང་བྱ་བའི་ཁྲོད་དུ་ཞུགས་རྒྱུ་མ་ཟད། ལྗང་མདོག་དངུལ་རྩ་དང་ཐོན་ལས་ཀྱི་དངུལ་རྩ། ཀུན་ཕན་དངུལ་རྩ་བཅས་ལ་རྐང་ཚུགས་ཏེ། གནད་འཁེལ་དངུལ་རྩའི་ཞབས་ཞུས་མཚོ་ལྷོ་ཁུལ་ཚད་མཐོའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བསྟན།
ཏེང་ཧྲེང་ཕེང་བྱ་འགུལ་ལ་ཞུགས།