སྲིད་དོན། 详情

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས་པ།

རང་ཚགས་པར་གྱི་འཕྲིན། ཟླ5ཚེས་པའི19ཉིན།ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས་ཤིང་།ཚོགས་འདུ་ལས《ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས《གྲོས་ཆོད(འཆར་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་དང་།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གསུང་བཤད་ཀྱང་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དེ2026ལོའི་ཟླ8པར་ཆབ་ཆ་རུ་འཚོག་རྒྱུའི་གྲོས་ཐག་བཅད།ཚང་འཛོམས་གྲོས་ལས་མི་འགྱང་བར་འཚོག་རྒྱུ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནི།ཁུལ་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་།ཕྱོགས་སོ་སོས་ཤུགས་འདོན་པའི་སྐབས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་རེད།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་ཐད་བཏོན་པའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱེད་པ།གཏན་འཁེལ་གཉིས་ལ་ལྷག་བསམ་རྣམ་དག་གིས་གོང་བཀུར་ཞུ་བ་དང་།རང་རྟོགས་ངང་སྲུང་སྐྱོང་གཉིས་ལག་ལེན་དུ་བསྟར་བ།སྟོབས་ཤུགས་གཅིག་བསྒྲིལ།ཚད་གཞི་མཐོན་པོས་རང་འགན་གཙང་སྒྲུབ་བཅས་བྱས་ཏེ།སྤུས་ཚད་མཐོ་སྒོ་ནས་ཚོགས་ཆེན་བདེ་བླག་ངང་བསྡུ་བར་ཁག་ཐེག་བྱ་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ལས་ཏང་གི་འཐུས་མིའི་ཚོགས་ཆེན་འཚོག་རྒྱུ་ནི་ད་ལོའི་ཁུལ་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཡིན་པས།དོན་སྙིང་ལྡན་ལ་གལ་འགངས་ཆེ་བ་ཞིག་ཀྱང་ཡིན།ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་།བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ།ཏང་གི་འཐུས་མིའི་ཚོགས་ཆེན་དང་སྐབས་བརྗེའི་འདེམས་བསྐོ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་བློ་དཀར་སྲ་བརྟན་དུ་གཏོང་བའི་རྩ་བའི་བླང་བྱ་ཡིན་པ་དང་།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ།ཚན་སྐོར་དང་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཡང་ཡིན་པས།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་འགན་འཁྲིའི་འཁུར་སེམས་དང་བྱ་བའི་དགོས་གལ་ཆེ་བའི་འདུ་ཤེས་ཆེ་རུ་གཏོང་བ་དང་།ཆབ་སྲིད་ལ་མཐོང་ཆེན་དང་།ཁྱོན་ཡོངས་ལ་དང་དོད།ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས།ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་།སེམས་ཤུགས་གཅིག་བསྒྲིལ།བདེན་འཚོལ་དངོས་སྒྲུབ།སྲོལ་བཟང་དར་སྤེལ་བཅས་ཀྱི་ཚོགས་ཆེན་ཞིག་འཚོག་རྒྱུར་དམིགས་ནས།གཙོ་གནད་ལས་འགན་ལ་གྲ་སྒྲིག་ཞིབ་ཚགས་བྱ་དགོས།སྤུས་ཚད་མཐོ་བའི་སྒོ་ནས་ཚོགས་ཆེན་གྱི་སྙན་ཞུ་འཆར་ཟིན་འགོད་པ་དང་།འཕེལ་རྒྱས་ཀྱི་དུས་བབ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་ཤ་གཅོད་པ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོ་བ་བཅས་བྱས་ནས།སྙན་ཞུའི་ལངས་གནས་མཐོ་བ་དང་དོན་ཐོག་ཏུ་འཁྱོལ་བ།མང་ཚོགས་དང་འབྲེལ་འདྲིས་ཐུབ་པ།དམངས་ཀྱི་ཡིད་ཚིམ་པ་བཅས་ལ་འགན་ལེན་བྱ་དགོས།ཚད་གཞི་མཐོ་བའི་སྒོ་ནས་ཚོགས་འདུའི་གྲ་སྒྲིག་ལེགས་པོ་བྱས་ཏེ་འཐུས་མི་འདེམས་སྒྲུག་དང་།ཐོབ་ཐང་ཞིབ་བཤེར།གྲོས་རིམ་བཀོད་སྒྲིག  ཚོགས་འདུའི་བྱ་བ་བཀོད་སྒྲིག  རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་བྱ་བ་ཚད་ལྡན་དུ་བཏང་ནས།བརྒྱུད་རིམ་གཟབ་ནན་དང་གོ་རིམ་ཚད་ལྡན་ཡོང་བ་བཅས་བྱ་དགོས།ལས་ཆོད་མཐོ་བའི་ངང་མཐུན་སྦྱོར་སྐུལ་འདེད་ལ་དམ་འཛིན་ལེགས་པོ་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་།ལས་གཞི་འཛུགས་སྐྲུན།དམངས་ཚིས་བྱ་བ་དངོས་སྒྲུབ།བདེ་འཇགས་བརྟན་བརླིང་སོགས་ཀྱི་བྱ་བར་སྤྱི་འདོམས་ངང་ལེགས་པོས་བསྒྲུབས་ནས།འཐུས་ཤོར་མི་གཏོང་བར་མཉང་དུ་སྐུལ་འདེད་གཏོང་དགོས།སྒྲིག་ཁྲིམས་དང་སྒྲིག་ལམ་ནན་མོ་ཡིན་པ་དང་སྐབས་བརྗེའི་དར་སྲོལ་ལེགས་བཅོས་བྱ་དགོས།ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་།ཁག་འགན་འཁུར་ཕོད་པ།སྤྱོད་ཚུལ་ཐད་དངོས་དོན་གཉེར་བ།སྤྱོད་གཙང་བཅས་ཡིན་པའི་ཕུལ་བྱུང་ལས་བྱེད་པ་རིམ་པ་ཁག་གི་མགོ་ཁྲིད་ཚན་སྐོར་ལ་བཀོད་སྒྲིག་ལེགས་པོ་བྱས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས།གཏན་འགོག་བཅུའི་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་།སྐབས་བརྗེའི་བྱ་བའི་གཟབ་ནན་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།ཏང་ཡོན་ལས་བྱེད་པས་ཆབ་སྲིད་ལ་དང་དོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པར་ཁྲིད་སྟོན།བྱ་བའི་ཁག་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྦྲེལ་མཐུད་བཅས་བྱས་ཏེ།བྱ་བ་རྒྱུན་ཆད་མེད་པར་སྒྲུབ་པ་དང་སྒྲིག་ལམ་ནན་སྲུང་།ནུས་ཤུགས་འདོན་པ་བཅས་ལ་འགན་ལེན་དང་།རྣམ་པ་གསར་བརྗེ་དང་འགན་འཁྲི་གསར་པ་འཁུར་བ།བྱས་རྗེས་གསར་པ་འཇོག་པ་བཅས་ལ་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད།

ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་།རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་པོ་བྱས་ཏེ།གདེང་ཚོད་ཆེ་རུ་གཏོང་བ་དང་།ངར་ཤུགས་གཅིག་ཏུ་བསྒྲིལ་བ།དངོས་སྒྲུབ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པ།དམིགས་ཚད་གཏན་འཁེལ་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ།སྔ་ཕྱི་བར་གསུམ་དུ་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཡག་པོ་ཞིག་རྩོམ་ཐུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་གྲུབ་འབྲས་གསར་པ་ལེན་དགོས་པའི་འབོད་སྐུལ་བཏང་ཡོད།ཚོགས་འདུ་ལས་ད་དུང《ཁུལ་ཨུའི་ཨུ་ཡོན་ཁག་ཅིག་འཐེན་རྒྱུའི་སྐོར་གྱི་གཏན་འབེབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།ཁུལ་ཨུའི་ཨུ་ཡོན་ཚོགས་འདུར་ཞུགས་ཡོད། །


热门新闻

热门图库

热门排行