པར་རིས་གསལ་བཤད། 详情

མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་ཁུལ་དཔོན་རྟགས་མའི་རྐང་གྲུག་འགྲན་སྡུར་དང་སྐབས་བཅུ་གཅིག་པའི་སློབ་གྲྭ་ཆུང་འབྲིང་གི་རྐང་གྲུག་འགྲན་བསྡུར་མཇུག་སྒྲིལ།

7533743e7b8ec4cc135aff3543b8409d.jpg

ཟླ5པའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་ཁུལ་དཔོན་རྟགས་མའི་རྐང་གྲུག་འགྲན་བསྡུར་དང་སྐབས་བཅུ་གཅིག་པའི་སློབ་གྲྭ་ཆུང་འབྲིང་གི་རྐང་གྲུག་འགྲན་བསྡུར་དེ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་བདེ་བླག་ངང་མཇུག་སྒྲིལ་བ་རེད། མཐོ་རིམ་སློབ་འབྲིང་ཚན་ཆུང་གི་འགྲན་བསྡུར་ནང་ཁུལ་མི་རིགས་མཐོ་རིམ་འབྲིང་དང་པོས་སྐྱེས་པའི་རུ་ཁག་དང་སྐྱེས་མའི་རུ་ཁག་གཉིས་ཀྱིས་ཨང་དང་པོ་བླངས་པ་སྟེ། སྐྱེས་པའི་རྐང་གྲུག་རུ་ཁག་གིས5:0ཡི་གྲུབ་འབྲས་བླངས་ནས་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཨང་གསུམ་པ་ཐོབ། སྐྱེ་མའི་རྐང་གྲུག་རུ་ཁག་གིས1:0ཡི་གྲུབ་འབྲས་བླངས་ནས་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་དང་།ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་ཨང་གསུམ་པ་ཐོབ་པ་རེད། འགྲན་བསྡུར་འདིའི་ཁྲོད་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོའི་ཡར་བརྩོན་གྱི་ལུས་རྩལ་སྙིང་སྟོབས་དང་འགྲན་བསྡུར་གྱི་གཟི་ཉམས་གང་ལེགས་ཀྱིས་མངོན་ཡོད།


热门新闻

热门图库

热门排行