སྒྲོན་བརྙན། 详情

ནན་ཐུང་གི་ཁེ་ལས་པས་མ་དངུལ་སྒོར་ཁྲི16ཕུལ་ནས་ཁྲི་ཀའི་སློབ་མའི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས་པ།

2026-05-20 16:09:15 来源: 作者: 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས18ཉིན།ནན་ཐུང་གྲོང་ཁྱེར་གྱི་ན་གཞོན་དམངས་གཉེར་ཁེ་ལས་པའི་ཚོང་ཚོགས་ཀྱིས་ཁྲི་ཀ་རྫོང་དུ་གཅེས་སེམས་ཞལ་འདེབས་ཀྱི་བྱ་འགུལ་སྤེལ་ཏེ།ས་གནས་དེ་གའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཐུང་ཆུ་བདེ་ཐང་གི་སྤྱི་ཕན་ལས་གཞིར་སྒོར་ཁྲི16ཞལ་འདེབས་ཕུལ་ནས། སློབ་རའི་འཐུང་ཆུའི་གཙང་བཟོ་སྒྲིག་ཆས་ཉོ་སྒྲུབ་དང་སྒྲིག་སྦྱོར། ཞིག་གསོ་བཅས་ཀྱི་ཆེད་དུ་སྤྱོད་རྒྱུ་རེད།

3ad71607ed053a4e3dcd206757a634cd.png

ཁྲི་ཀ་རྫོང་ཀ་རིང་བཅའ་སྡོད་སློབ་ཆུང་གི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་སུ།ནན་ཐུང་གི་བྱམས་ལྡན་ཁེ་ལས་ཀྱི་འཐུས་མི་དང་ཁྲི་ཀ་རྫོང་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་འགན་འཁུར་བས་ཞལ་འདེབས་འབུལ་བའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་དེ་ཕན་ཚུན་ལ་སྒོ་བྱང་གནང་།ཐེངས་འདིའི་ཞལ་འདེབས་ཀྱིས་ཁྲི་ཀ་རྫོང་གི་སློབ་གྲྭ་ཆུང་འབྲིང13གྱི་འཐུང་ཆུའི་ཆ་རྐྱེན་ལེགས་བཅོས་གཏོང་བར་རོགས་འདེགས་ཐོན་ཏེ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ14000ལྷག་ལ་ཕན་པ་ཐོགས་ཐུབ། ནན་ཐུང་གི་བྱམས་ལྡན་ཁེ་ལས་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐོ་སྒང་གི་སློབ་མའི་འཐུང་ཆུའི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཤིང་། ནན་ཐུང་དང་ཁྲི་ཀ་བར་གྱི་ཁ་གཏད་རོགས་སྐྱོར་གྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་བཏང་བ་རེད། །

d70c22b145a1ede463bcb32811d75bc3.png


热门新闻

热门图库

热门排行