རྨ་ཆུ་ཐང་སྡེ་བའི་འདེབས་འཛུགས་ཁྱིམ་ཚང་གིས་སུན་པར་འདེབས་མགོ་བརྩམས་པ།
ཟླ5པའི་ཚེས19ཉིན། ཁྲི་ཀ་རྫོང་ཀ་རིང་ཤང་རྨ་ཆུ་ཐང་སྡེ་བའི་འདེབས་འཛུགས་ཁྱིམ་ཚང་ཧྲི་ཁྲང་ཏེ་ཡིས་ལས་མི་ཁྲིད་དེ་སུར་པན་འདེབས་པར་བྲེལ་བཞིན་མཆིས། ཉེ་བའི་ལོ་ཤས་རིང་། རྨ་ཆུ་ཐང་སྡེ་བའི་མ་རྨོས་ལོ་ཏོག་དང་སུར་པན་སོགས་ཁྱད་ལྡན་འདེབས་འཛུགས་ལས་རིགས་ནུས་ཤུགས་ཡོད་རྒུས་གོང་འཕེལ་བྱུང་བ་བརྒྱུད། འདེབས་འཛུགས་ཁྱིང་ཚང་གིས་སྣེ་ཁྲིད་དང་མང་ཚོགས་མཉམ་ཞུགས། ཉེ་འཁོར་གྱི་སྡེ་བ་དག་ཏུ་ཁ་ཕྱོགས་པ་བཅས་ཀྱི་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཏེ། ཁྱད་ལྡན་འདེབས་འཛུགས་ལས་རིགས་དེ་གྲོང་གསེབ་དར་སྤེལ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་བརྟན་པོ་ཞིག་ཏུ་གྱུར་ཡོད།

