གནད་བསྡུས། 详情

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི2026ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་མགོ་བརྩམས་པ།

ཉེ་ཆར། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི2026ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་མགོ་བརྩམས་པ་དང་། བྱེད་སྒོའི་གཟའ་འཁོར་ལས་ལག་རྩལ་ལ་བརྟེན་ནས་མཚོ་སྔོན་དར་རྒྱས་སུ་གཏོང་བ་དང་མཐོ་སྒང་གི་བཟོ་རྩལ་གསར་གཏོད་བྱེད་ཅེས་པ་བརྗོད་དོན་གཙོར་བྱས་ཏེ།ལས་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ནས།སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་སློབ་གསོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

7a7b139772b53f0fe1258b6bcd1990fb.png

བྱེད་སྒོའི་ཡུལ་དངོས་སུ། དགེ་སློབ་ཚོས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས་ཏེ་མཐོ་སྒང་གི་ལས་རིགས་སློབ་གསོའི་དགེ་སློབ་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས་གང་ལེགས་སྒོས་མངོན་པར་བྱས། དེའི་འཕྲོར2026ལོར་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་སྟེང་བྱ་དགའ་ཐོབ་པའི་དགེ་སློབ་ཀྱིས་ཡུལ་དངོས་སུ་བསམ་ཚུལ་བརྗེ་རེས་དང་མྱོང་ཚོར་མཉམ་སྤྱོད་བྱས་ཤིང་། བྱེད་སྒོར་ཞུགས་པའི་མགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་དགེ་སློབ་ལ་གཟེངས་རྟགས་དཔང་ཡིག་གནང་།

cd9141699c81ebe0ce4af8451c33fbe3.png

མཛད་སྒོ་མཇུག་བསྒྲིལ་རྗེས། སྐུ་མགྲོན་ཚོས་སློབ་གྲྭའི་ལས་རིགས་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་ལ་བལྟས་པ་དང་། བོད་ལུགས་གསོ་རིག་གི་སྨན་སྣ་སྡེབ་སྦྱོར་དང་།ཞིང་ཕྱུགས་ཐོན་རྫས་ལས་སྣོན། བདག་སྐྱོང་མྱུར་སྐྱོབ་སོགས་ཀྱི་རྩལ་ནུས་དང་སློབ་གྲྭའི་དངོས་སྦྱོང་སློབ་ཁྲིད། སློབ་གྲྭ་དང་ཁེ་ལས་མཉམ་ལས། ཆེད་ལས་ཀྱི་ཁྱད་ཆོས་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་རེད།

af63cc3fdbe0fda7abee8bb1637caf35.png

ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་ས་གནས་ཀྱི་ཐོན་ལས་དགོས་མཁོར་གནད་འཁེལ་སྦྲེལ་མཐུད་བྱས་ནས། བོད་ལུགས་གསོ་རིག་གི་བདེ་སྲུང་དང་ཁམས་གསོ་སོགས་ཁྱད་ལྡན་ཆེད་ལས་སྟོབས་ཆེར་བཏང་སྟེ། གོང་འོག་འབྲེལ་མཐུད་དང་། འཕྲེད་ཕྱོགས་མཉམ་འདྲེས་ཟུང་འབྲེལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་བཙུགས་ཏེ། མཚོ་ལྷོ་ཁུལ་ལ་རང་ས་གནས་ཀྱི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་པར་ལས་རིགས་སློབ་གསོའི་སྒུལ་ཤུགས་བསྣན་ཡོད།

ddc03eec97e27d4c2e73eda0a3c5b90f.png

热门新闻

热门图库

热门排行