གནད་བསྡུས། 详情

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཟླ5པའི་ཚེས18ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུ་ལས་ཟླ4པའི་ཚེས28ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུ།  ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཅིག་བསྡུས་སློབ་སྦྱོང་ཐེངས་ཉེར་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭའི་འབར་གས་དོན་རྐྱེན་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་གལ་ཆེན་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དཔལ་འབྱོར་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས་ཚེ་གུང་ཧོ་རྫོང་གིས་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱས་ཏེ།   ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་རྒྱུན་བསྲིང་ཁ་གསབ་དང་ལྗང་གློག་གི་འཛད་གྲོན།  རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས།  ས་འོག་ཚ་ནུས་ཐོན་ཁུངས་གསར་སྤེལ་སོགས་ལ་གཞིགས་ནས་རང་རྟོགས་སྒོས་ཕྱི་ཕྱོགས་ཁྲོམ་རའི་དགོས་མཁོ་དང་འབྲེལ་འདྲིས་བྱེད་པ་དང་ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ།  ལས་གཞི་ལག་བསྟར་བྱེད་ཤུགས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བའི་འགན་ལེན་བྱ་དགོས་ཤིང་།    གནམ་གཤིས་སྔོན་དཔག་དང་སྔོན་བརྡ་གཏོང་རྒྱུར་དམིགས་ནས་འབྲུབ་འགོག་ལས་དོན་ནན་ཏན་སྒོས་ཡག་པོ་བསྒྲུབ་སྟེ། ཁུལ་ཡོངས་ཀྱི་ས་གཤིས་གནོད་འཚེའི་བྱུར་རྐྱེན་གྱི་འབྱུང་གནས་དང་མི་མང་འདུ་ས། འདམ་སེག་ཆུ་རུད་ཐོན་སླ་བའི་ས་གནས་སུ་རྩིས་ཁྲ་དང་འགུལ་རྣམ་དོ་དམ་བཙུགས་ཏེ་གདེང་ཚོད་ཡོད་པར་བྱ་དགོས་ཤིང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་དྲིལ་བསྒྲགས་སློབ་གསོ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ནང་ཧུར་ཐག་སྒོས་ཞུགས་རྒྱུར་སྐུལ་སློང་བྱས་ནས།  འཕྲལ་བསྟུན་འཁྲབ་སྦྱོང་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ནན་ཏན་བྱས་ཏེ།  མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་།  རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན།  ཚོགས་འདུ་ལས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་འཚམས་འདྲི་དང་རྟོག་ཞིབ་གནང་བར་སོང་བའི་གནས་ཚུལ་སྙན་ཞུར་གསན་ཞིང་།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་རུ་འཚམས་འདྲི་དང་རྟོག་ཞིབ་བྱེད་པར་བསྐྱོད་པའི་གྲུབ་འབྲས་དེ་ལག་ལེན་དངོས་ལ་བསྒྱུར་བར་མགྱོགས་སུ་བཏང་ནས།  མཚོ་ལྷོར་གང་མཁོ་དང་ཅང་སུའུ་ཡིས་ཅི་ནུས། ཅང་སུའུ་ཡི་ཅི་ནུས་དང་མཚོ་ལྷོའི་དགོས་མཁོ་བཅས་ཀྱི་རོགས་ལས་ངེས་གནས་ལ་གཞིགས་ཏེ། ཐོན་ལས་ཀྱི་རྨང་གཞི་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ཀྱི་གནས་ཚུལ་ལེགས་སྒྲིག་དང་རང་ངོས་གནས་ཚུལ་ཀྱི་མཐིལ་རྟོགས་པ།  རང་འགུལ་ངང་འབྲེལ་མཐུད་བཅས་བྱས་ཏེ།  ཕྱོགས་གཉིས་ཀྱི་ཐོན་ལས་མཐུན་སྦྱོར་དང་ཐོན་ཁུངས་ཀྱི་དགེ་མཚན་ཁ་གསབ་སོགས་ཕྱོགས་ཀྱི་མཉམ་ལས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་།   བྱ་བའི་ཆེད་དོན་འཛིན་གྲྭ་གང་མགྱོགས་སྒོས་འཛུགས་པ་དང་རྗེས་སྙེག་ཞབས་ཞུའི་ཡུན་ཕན་ལམ་སྲོལ་འཛུགས་པ། ཁེ་ལས་ཀྱི་དགོས་མཁོར་རང་འགུལ་གྱིས་རྗེས་སྙེག་རྒྱུས་ལོན་དང་མཉམ་ལས་ཀྱི་འཕེལ་རིམ་ཁོང་དུ་ཆུད་པ་བཅས་བྱས་ཏེ། རྗེས་སྙེག་འབྲེལ་མཐུད་དང་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བ།ཕན་འབྲས་དངོས་ཐོབ་པ་བཅས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་དགོས་ཤིང་།  ཚོང་འགུག་ལ་དམ་འཛིན་བྱེད་པའི་རྣམ་པ་ལེགས་པོ་ཞིག་ཆགས་པར་བྱེད་པ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྡེ་ཁག་བར་གྱི་མཉམ་སྒྲུབ་དང་གོང་འོག་མཉམ་འབྲེལ།  སྤྱི་ཚོགས་ཡོངས་ཞུགས་པའི་ཚོང་འགུག་དངུལ་འདྲེན་ལ་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་བསྟན།   

ཚོགས་འདུ་ལས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། 


热门新闻

热门图库

热门排行