རྒྱལ་སྤྱི། 详情

ཨུ་རུ་སི་དང་ཀྲུང་གོའི་འགོ་གཙོའི་ཐེངས་རེའི་གྲོས་མོལ་ལས་ཕྱོགས་གཉིས་ཀྱི་འབྲེལ་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་ངེས་པའི་ཚུལ་བསྟན།

ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས18ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་སྲིད་འཛིན་ཕུའུ་ཅིན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐེངས་རེའི་གྲོས་མོལ་ལས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་ངེས་རེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་རིམ་པ་མང་བོར་ཁེབས་ཡོད། དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་སློབ་གསོ་དང་གསོ་རིག མི་གཞུང་བརྗེ་རེས་སོགས་ཐད་ཀྱི་མཉམ་ལས་ཧུར་ཐག་སྒོས་སྤེལ་བཞིན་ཡོད་ཟེར།












热门新闻

热门图库

热门排行