གནད་བསྡུས། 详情

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་ཞིབ་སྲོལ》དཔར་འགྲེམ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ནི་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་ལས་གཞི་གལ་ཆེན་ཞིག་རེད། རིམ་པ་སོ་སོའི་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཚན་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་བཅས་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩི་བ་དང་། 《ཞིབ་སྲོལ》གྱི་གཏན་འབེབས་སོ་སོ་ལག་བསྟར་ནན་ཏན་བྱེད་དགོས་པ་མ་ཟད་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཚད་གཞི་རྒྱུན་འཁྱོངས་དང་། གོ་རིམ་གཟབ་ནན། འགག་སྒོ་གཟབ་ནན། སྒྲིག་ཁྲིམས་གཟབ་ནན་བཅས་བྱས་ཏེ། ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་བའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ནས་སློབ་གསོ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བསམ་བློ་ཏང་ནང་ཞུགས་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཞིབ་བཤེར་ནན་མོ་བྱེད་དགོས་ཤིང་། འཕེལ་རྒྱས་གཏོང་ཡུལ་གྱི་ཏང་ནང་ཞུགས་པའི་ཀུན་སློང་དང་། ཆབ་སྲིད་ཀྱི་བྱང་ཚད། དོན་དངོས་ཀྱི་མཚོན་ཚུལ་བཅས་ལ་རྟོག་ཞིབ་གཏིང་ཟབ་བྱས་ནས། འགག་སྒོ་གཟབ་ནན་ཏུ་གཏོང་དགོས། ཏང་ཡོན་དཔུང་ཁག་གི་གྲུབ་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། གཞོན་ནུ་དང་ཐོན་ལས་བཟོ་པ། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། གསར་དར་ཁྱབ་ཁོངས་སུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལེགས་པོར་བསྒྲུབས་ནས། རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་འབོད་སྐུལ་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། ཤུགས་རྐྱེན་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།

བརྡ་ཐོའི་ནང་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས《ཞིབ་སྲོལ》ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་གཞི་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད། །


热门新闻

热门图库

热门排行