གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་གུང་ཧོ་རུ་བསྡུས་པ།

ཟླ5པའི་ཚེས18ཉིན་གྱི་སྔ་དྲོར།མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་གུང་ཧོ་རྫོང་དུ་བསྡུས་ཤིང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལས་དབང་བོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་བྱས་ནས། དབང་བོ་སྐྱོན་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་དོན་གཙོར་བྱས་ཤིང་། དུས་ཡུན་ཉིན་བཞི་ཡི་རིང་ལ། ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལུས་རྩལ་པ123གྱིས་ལྒང་ལི་དང་། མདའ་འཕེན། མཆོང་རྒྱུག་འཕེན་གསུམ་སོགས་ཀྱི་འགྲན་བསྡུར་བརྒྱུད་ནས། འབད་བརྩོན་ལྷོད་མེད་དང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་སྙིང་སྟོབས་མངོན་པར་བྱས་ཡོད།

འགྲན་བསྡུར་གྱི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་ཤིང་། དེ་མིན་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་དང་། གླུ་གཞས《རེ་བའི་ཕུགས་འདུན》ཞེས་པས་ཚོགས་རའི་ལྟད་མོ་བ་ཡོངས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་པ་དང་།《རྣམ་པར་བཞད་པ》ཞེས་པའི་ཞབས་བྲོའི་གདངས་དབྱངས་ཀྱིས་མི་སེམས་དབང་མེད་དུ་བཀུག་ལ། ད་དུང་དབང་བོ་སྐྱོན་ཅན་གྱི་གྲོགས་པོ་ཚོས་གཞས་གླུ་སྙན་མོ་ལེན་པ་དང་། རོལ་ཆས་དཀྲོལ་གཏོང་བརྒྱུད་ནས་དྲོ་སྐྱིད་དང་སྟོབས་ཤུགས། ཧུར་བརྩོན་ཡར་ཐོན་བཅས་ཀྱི་བསམ་བློའི་རྣམ་པ་མངོན་ཡོད།

སྐབས་འདིའི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་གྲོགས་པོ་ཚོར་རང་ཉིད་ཀྱི་བསམ་བློ་བརྗེ་རེས་དང་སློབ་སྦྱོང་གི་སྟེགས་བུ་བཏོད་ཡོད་ལ། འགྲན་ར་ལས་ལུས་རྩལ་པ་ཚོས་འབད་འབུངས་ཀྱི་འགྲན་སློང་བརྒྱུད་ནས། བྱ་སྤྱོད་དངོས་ལས་དབང་བོ་སྐྱོན་ཅན་གྱི་ཡར་བརྩོན་དང་ཞུམ་མེད་ཀྱི་སྙིང་སྟོབས་མངོན་པ་རེད།


热门新闻

热门图库

热门排行