གནས་ཚུལ། 详情

མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་བསྡུས།

ཟླ5པའི་ཚེས14ཉིན། མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་བསྡུས་ཤིང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱ་གྲམ་དམར་པོའི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་སྐབས་བཅུ་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་དང2025ལོའི་བྱ་བར་སྤྱི་བསྡོམས་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་རིང་དང2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་བ་དང་འགན་འཁྲི་ནན་འཛིན་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ཚད་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

ཚོགས་འདུ་ལས་དུས་ནམ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བཏང་སྟེ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱ་དགོས་པ་དང་། འཆར་འགོད་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཚོགས་པ་ནན་མོར་བསྐྱངས་ཏེ། སྤྱོད་ཚུལ་ལེགས་པོར་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོ་སྡེ་ཁག་གིས་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་གཏོང་དགོས་པ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཅན་བཅུའི་ཏང་འཛུགས་གཞི་རྟེན་དུ་བཟུང་ནས། བདེ་ཐང་མཚོ་ལྷོ་དང་བདེ་འཇགས་མཚོ་ལྷོའི་འཛུགས་སྐྲུན་གྱི་ཁྱོན་ཡོངས་བྱ་བའི་ཁྲོད་དུ་རང་འགུལ་ངང་ཞུགས་ཏེ། འཕྲལ་སྡོམ་རོགས་སྐྱོར་མ་ལག་འཐུས་ཚང་དང་འཕྲལ་སྡོམ་རོགས་སྐྱོར་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་དགོས་མཁོར་གནད་འཁེལ་སྒོས་འབྲེལ་མཐུད་བྱས་ཏེ། ཆུང་ཞིང་ལེགས་པའི་མི་ཆོས་རོགས་སྐྱོར་གྱི་ལས་གཞི་སྐོར་ཞིག་བསྐྲུན་དགོས། སྤྱོད་གཙང་སྒྲིག་ནན་གྱི་རྒྱུན་བསྲིངས་ཏེ། ཆེད་དོན་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དང་བླངས་ཞབས་ཞུའི་དཔུང་ཁག་སྟོབས་ཆེར་བཏང་སྟེ། ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་གྲུབ་འབྲས་གསར་བ་བསྐྲུན་པར་ནུས་ཤུགས་ཡོད་རྒུས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུ་ལས་མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི2025ལོའི་བྱ་བའི་སྙན་ཞུ་དང་མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི2025ལོའི་ནོར་སྲིད་ཀྱི་ཡོང་སྒོ་དང་འགྲོ་སོང་གནས་ཚུལ་གྱི་སྙན་ཞུ། མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ལྟ་ཞིབ་ལས་དོན་ཨུ་ཡོན་ལྷན་ཁང་གི2025ལོའི་ལྟ་ཞིབ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ལས་འཛིན་དང་རྒྱུན་ལས་ལས་འཛིན་ཁ་ཤས་གསར་བརྗེ་བྱས།


热门新闻

热门图库

热门排行