གཙོ་གནད། 详情

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་རྩོམ་བསྡུས》སི་ཕེན་གྱི་ཡི་གེའི་པར་གཞིའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཀྲི་ལི་རུ་འཚོགས་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་རྩོམ་བསྡུས》སི་ཕེན་གྱི་ཡི་གེའི་པར་གཞིའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚེས14ཉིན་ཀྲི་ལིའི་རྒྱལ་ས་ཧྲེང་ཏུ་ཡཱ་ཀུ་རུ་འཚོགས། ཚོགས་ཞུགས་ཆེད་མཁས་པས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ལག་ལེན་གྱི་སྟོབས་ཤུགས་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས། ཀྲུང་གོ་དང་ཀྲི་ལིའི་མཉམ་ལས་སྤེལ་རེས་སོགས་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས།  

   ཚོགས་ཞུགས་མི་སྣས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་ཤེས་རབ་དང་བློ་སྒོ་འབྱེད་ཐུབ་པའི་ངོས་འཛིན་བྱས། 《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་རྩོམ་བསྡུས》སི་ཕེན་གྱི་ཡི་གེའི་པར་གཞི་དཔེ་སྐྲུན་བྱས་པ་དང་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དེ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མི་ཆོས་སྤེལ་རེས་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། 

    ཚོགས་ཞུགས་མི་སྣས་གསུང་རྩོམ་འདིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། ལ་ཏིང་མེ་གླིང་གི་ཕྱོགས་སོ་སོའི་མི་སྣས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྙིང་པོ་སྔར་ལས་ལེགས་པར་རྟོགས་པར་ཕན་ཐོགས་ཡོད་པ་དང་། དེ་ལས་བློ་སྒོ་འབྱེད་ཐུབ་པར་འདོད། 

    ཚོགས་ཞུགས་མི་སྣས། མ་འོངས་པར་ཁ་ཕྱོགས་ཏེ། ཀྲུང་གོ་དང་ཀྲི་ལི་ཕྱོགས་གཉིས་ཀྱིས་རིག་གཞུང་ལས་རིགས་དང་གསར་འགྱུར་ལས་རིགས་ཀྱི་ཕྱོགས་ནས་འབྲེལ་འདྲིས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། བསམ་བློའི་གླེང་མོལ་དང་། འདུ་ཤེས་བརྗེ་རེས། མཉམ་ལས་ལ་ནུས་པ་འདོན་པ་བཅས་ཀྱི་སྟེགས་བུ་མཉམ་དུ་བསྐྲུན་དགོས། གཅིག་ནི་གཞུང་ལུགས་རིག་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཀྲི་ལིའི་མཉམ་ལས་ལ་ཁྲིད་སྟོན་གྱི་བསམ་བློ་འདོན་སྤྲོད་བྱེད་དགོས། གཉིས་ནི་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཀྲི་ལིའི་མཉམ་ལས་ལ་ནུས་པ་འདོན་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས། གསུམ་ནི་མཉམ་དུ་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས་པར་བསྟན། 

   ཚོགས་ཞུགས་མི་སྣས་རྗེས་མར་ཕྱོགས་གཉིས་ཀྱི་རིགས་པའི་གཞུང་ལུགས་ལས་རིགས་དང་། སྨྱན་སྦྱོར་ལས་རིགས། དཔལ་འབྱོར་ལས་རིགས་བཅས་ཀྱིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ནས། གསར་གཏོད་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་ལ་ལེགས་སྐྱེས་འབུལ་དགོས་པར་བསྟན།

ཉིན་དེའི་བཞུགས་མོལ་ཚོགས་འདུ་ནི་དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་དང་ཀྲུང་གོའི་ཕྱི་ཡིག་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན། བྱེད་སྒོ་སྤེལ་ཡུལ་དུ《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་རྩོམ་བསྡུས》སི་ཕེན་གྱི་ཡི་གེའི་པར་གཞིའི་དཔེ་དེབ་ཚོགས་ཞུགས་མི་སྣར་འབུལ་བ་རེད། །


热门新闻

热门图库

热门排行