རྒྱལ་སྤྱི། 详情

མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལས་ཞུགས་ལས་གཏོད་མནའ་འབྲེལ་བཙུགས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་པའི་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱིས་དབང་པོ་སྐྱོན་ཅན་ལ་རམ་འདེགས་དང་རོགས་སྐྱོར་བྱེད་པའི་ལས་ཞུགས་ལས་གཏོད་མནའ་འབྲེལ་དངོས་སུ་བཙུགས་པ་རེད། མནའ་འབྲེལ་གྱིས་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་རོགས་སྐྱོར་སྦྲེལ་ཐག་གི་སྟོང་ཆ་བསྐངས་ནས། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། 

    དབང་པོ་སྐྱོན་ཅན་གྱིས་དབང་པོ་སྐྱོན་ཅན་ལ་རམ་འདེགས་དང་རོགས་སྐྱོར་བྱེད་པའི་ལས་ཞུགས་ལས་གཏོད་མནའ་འབྲེལ་འཛུགས་རྒྱུ་དེ་ནི་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གནང་བའི་མཛུབ་སྟོན་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་ལ།《མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི(2025ལོ་ནས2027ལོ་བར)》དོན་འཁྱོལ་བྱ་རྒྱུར་གནད་འགག་ཞིག་ཀྱང་ཡིན། དེའི་དམིགས་ཡུལ་ནི་ཕྱོགས་སོ་སོའི་ཐོན་ཁུངས་བསྡུ་སྒྲིལ་དང་སྦྲེལ་མཐུད་ལས་སྟེགས་བསྐྲུན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཁྲོད“ལས་གནས་ཉུང་བ་དང་། ཐབས་ལམ་དོག་པ། སྦྲེལ་མཐུད་དཀའ་བ”བཅས་ཀྱི་གནད་དོན་རྙིང་པ་སེལ་ཏེ། དབང་པོ་སྐྱོན་ཅན་དེ་བས་མང་བས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་ཡོང་འབབ་འཕར་ནས་ཕྱུག་འགྱུར་བྱུང་བ་དང་ངོ་མཚར་ཆེ་བའི་མི་ཚེ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད། 

     མཛད་སྒོའི་སྟེང་རྐང་འཛིན་ཁོངས་མིའི་ཚན་པ14ཡིས་ཐུན་མོང་ཐོག་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་གྲོས་འགོ་བཏོན་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ལས་ཞུགས་ཀྱི་སྣེ་ཁྲིད་པ་དང་། ལག་ལེན་བྱེད་མཁན། སྐུལ་འདེད་གཏོང་མཁན། སྲུང་སྐྱོབ་པ་བཅས་བརྩོན་ལེན་བྱས་ཏེ། སྲིད་ཇུས་ཀྱི་འདེགས་སྐྱོར་དང་འགན་ལེན་མ་ལག་ལ་ཤུགས་སྣོན་བརྒྱབ་སྟེ། དབང་པོ་སྐྱོན་ཅན་འདྲ་མཉམ་ངང་སྤྱི་ཚོགས་ནང་ཞུགས་པ་དང་རིན་ཐང་མངོན་འགྱུར་བྱུང་བ་རེད། མགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་མནའ་འབྲེལ་གྱིས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞིར་དམིགས་ནས་འགག་རྩའི་བྱེད་ཐབས་གསུམ་ཁ་གསལ་བཟོས་པ་སྟེ། སྲིད་ཇུས་རང་བཞིན་གྱི་ལས་གནས་དམའ་སྲུང་དམ་འཛིན་དང་། ཚོང་རའི་བྱེད་པོའི་ནུས་པ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་། རང་བརྟེན་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་དགོས་པ་བཅས་སོ།།

热门新闻

热门图库

热门排行