ཀྲང་གོ་ཆིང་གིས་ཨུ་རུ་སུའི་ཙུང་ལི་གཞོན་པ་ཐེ་ལུའུ་ཐེ་ཉེ་ཧྥུའུ་དང་མཉམ་དུ་ཀྲུང་གོ-ཨུ་རུ་སུའི་དངོས་མང་སྟོན་ཚོགས་སྐབས་བཅུ་པའི་མགོ་ཚུགས་མཛད་སྒོར་ཞུགས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཧར་པིན་དུ་ཨུ་རུ་སུའི་ཙུང་ལི་གཞོན་པའམ་རྒྱང་ཤར་ས་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ཁུལ་དུ་བཅའ་སྡོད་བྱེད་པའི་ཙུང་ཐུང་གི་དབང་ཆ་ཚང་མ་ཡོད་པའི་འཐུས་མི་ཐེ་ལུའུ་ཐེ་ཉེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་དངོས་མང་སྟོན་ཚོགས་སྐབས་བཅུ་པའི་མགོ་ཚུགས་མཛད་སྒོར་ཞུགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་མ་ཟད་ཤིས་ཚིག་གསུངས་པ་དང་། ཚེས16ཉིན་ཀྲུང་གོའི་བྱང་ཤར་ས་ཁུལ་དང་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པར་མཉམ་དུ་མགོ་འཛིན་གནང་།
ཀྲང་གོ་ཆིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་མང་སྟོན་ཚོགས་ལ་ཆེད་མངགས་གིས་རྟེན་འབྲེལ་འཕྲིན་ཡིག་གནང་བ་དེ་ཐོག་ནས་ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་སྒོས་མཚོན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཞི་འཛིན་སར་བྱས་ནས། ཀྲུང་ཨུའི་དངོས་མང་སྟོན་ཚོགས་སོགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་ཨུའི“བྱང་ཤར་དང་རྒྱང་ཤར”བར་གྱི་མཉམ་ལས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས། མཉམ་རྒྱལ་འཕེལ་རྒྱས་ཀྱི་བར་མཐོངས་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་འདོད་ཡོད།
ཐེ་ལུའུ་ཐེ་ཉེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཡོན་ལྷན་ཁང་གི་ལམ་སྲོལ་ནུས་པ་འདོན་སྤེལ་བྱས་ནས། ས་གནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། །