སྒྲོན་བརྙན། 详情

ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་མཉམ་དུ་ཀྲུང་ནན་ཧེ་རུ་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་བ།

    500457855_b79a303f-a90d-424e-b3b2-4d85ef565895.jpg

    ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་། 

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་།

500457855_caba52b7-787d-4b26-baf4-8058d3b231a4.jpg

   ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་། འདི་ནི་ཐི་ལང་ཕུའུ་འབྱོར་སྐབས། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་གནང་བའི་རྣམ་པ་རེད།

500457855_668d986b-702f-4416-a4cf-408a280c1c03.jpg

    ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་། འདི་ནི་ཐི་ལང་ཕུའུ་འབྱོར་སྐབས། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་གནང་བའི་རྣམ་པ་རེད།

500457855_15dbedfe-b985-4706-a85e-b55d0e28e52f.jpg

   ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་། འདི་ནི་ཐི་ལང་ཕུའུ་འབྱོར་སྐབས། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་གནང་བའི་རྣམ་པ་རེད།  

  དབྱར་འགོའི་ཀྲུང་ནན་ཧའེ་སྔོ་ཐིང་ཐིང་དུ་གྱུར་ཞིང་། ཐི་ལང་ཕུའུ་འབྱོར་སྐབས་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕེབས་ཞོར་དུ་གྲོས་མོལ་གནང་བ་དང་། སྐབས་འགར་འགྲོ་མཚམས་བཞག་ནས་གནའ་བོའི་ལྗོན་ཤིང་དང་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་ལ་གཟིགས།

   ཞི་ཅིན་ཕིང་གིས་བསྟན་དོན། སྲིད་འཛིན་ཐི་ལང་ཕུའུ་ཡིས་ཐེངས་འདིར་འཚམས་འདྲི་གནང་བ་ནི་ལོ་རྒྱུས་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན་པས། ང་ཚོས་ཐུན་མོང་གིས་ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་གི་འབྲེལ་བའི་གཏན་གནས་གསར་པ་གཏན་ཁེལ་གནང་བ་དང་། དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་བརྟན་པོ་ཡོང་བར་རྒྱུན་འཁྱོངས་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་སྐྱེད། ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བར་འཐད་པ་བྱུང་ཡོད། འཚམས་འདྲི་འདི་ཕན་ཚུན་བར་གྱི་རྒྱུས་ལོན་སྔར་ལས་ཟབ་སྤེལ་དང་། ཕན་ཚུན་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་བ་བཅས་ལ་ཕན་ཞིང་། འདི་ལས་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཞི་བདེ་མཉམ་གནས་དང་། མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། ཡང་དག་པའི་མཉམ་གནས་ཀྱི་བགྲོད་ལམ་གཏོད་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་འདོད་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེ་སྒུག་ཀྱང་ཡིན་པ་བདེན་དཔང་བྱས། སྲིད་འཛིན་ཐི་ལང་ཕུའུ་ཡིས་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་བར་རེ་བ་བྱེད་བཞིན་ཡོད་པ་དང་། ང་རང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་གཞོལ་རྒྱུ་ཡིན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་བརྒྱུད། རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་ཆོག  ཕྱོགས་གཉིས་ཀྱིས་ང་ཚོའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་།  མིག་སྔའི་ཐོབ་དཀའ་བའི་འཕེལ་ཕྱོགས་བཟང་པོར་གཅེས་སྤྲས་བྱས་ཏེ། ཁ་ཕྱོགས་སྟངས་འཛིན་ཡང་དག་དང་འགལ་རྐྱེན་སེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

   ཐི་ལང་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཀྲུང་ནན་ཧའེ་རུ་མགྲོན་པོར་གདན་འདྲེན་ཞུས་པར་ཐུགས་རྗེ་ཆེ་ཞུ་བ་དང་།  ཐེངས་འདིར་ཀྲུང་གོར་འཚམས་འདྲིར་ཕེབས་པ་ནི་གྲུབ་འབྲས་ཆེན་པོ་ལྡན་པའི་འཚམས་འདྲི་ཞིག་ཡིན་པས། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་ལ་བརྗེད་པར་དཀའ་བ་ཞིག་རེད། ཕྱོགས་གཉིས་བར་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་བ་དང་། གྲོས་མཐུན་མང་པོ་བཞག་སྟེ། གནད་དོན་མི་ཉུང་བ་ཞིག་ཐག་གཅོད་བྱས་ཡོད་པས། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་ལྡན།  ཀྲུའུ་ཞི་ཞི་ཅིན་ཕིང་ནི་ངའི་གྲོགས་པོ་རྙིང་བ་ཡིན་པས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ང་ཚོའི་བར་འབྲེལ་བ་བཟང་བོ་བཙུགས་ཡོད།  ཨ་རི་དང་ཀྲུང་གོའི་འབྲེལ་བ་ཤིན་ཏུ་གལ་ཆེན་ཡིན་པས་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ངེས་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ལྷག་བསམ་ཟོལ་མེད་ཀྱིས་མུ་མཐུད་དུ་བརྗེ་རེས་ཟབ་མོ་རྒྱུན་འཁྱོངས་བྱེད་འདོད་ཡོད་པ་དང་། ཝ་ཧྲིང་ཐོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྣེ་ལེན་ཞུ་རྒྱུའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།

   500457855_dcc6376a-7cb0-4254-b694-cfc63c13f3a8.jpg

    ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་།

500457855_22e146ec-9bf4-43e5-bb03-e9ad1ad9b4a5.jpg

ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་།

500457855_611de7b8-3331-4ca1-8742-132e4d5dd5ee.jpg

  ཟླ5པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་རུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཁྱབ་ཁོངས་ཆུང་བའི་ཐུག་འཕྲད་གྲོས་མོལ་གནང་།

   ཕྱོགས་གཉིས་ཀྱིས་ད་དུང་ས་ཁུལ་ཁ་ཤས་ཀྱི་གནད་དོན་ཁག་ཅིག་གི་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་གོང་གི་བྱེད་སྒོར་ཞུགས།  །

热门新闻

热门图库

热门排行