སྒྲོན་བརྙན། 详情

ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ལ་དགའ་བསུའི་གསོལ་སྟོན་བཤམས་པ།

500457284_5b592034-0048-4956-bdfa-07da55c7462b.jpg

ཟླ5པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གློག་འོད་རབ་ཏུ་འཚེར་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ།

500457284_60091684-6a16-44c5-9dc3-f79ae1195791.jpg

ཟླ5པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། འདི་ནི་ཞི་ཅི་ཕིང་གིས་ཤིས་ཚིལ་ཕུལ་བའི་ཚུལ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཚུགས་པའི་ལོ་ཡིན་པ་དང་། ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་གིས་ལོ་ངོ5000ལྷག་རིང་གི་ཀྲུང་ཧྭའི་དཔལ་ཡོན་གྱི་གཏིང་ཟབ་པའི་རྨང་གཞི་ལ་གཞི་ཚུགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ད་ལོ་ནི་ཨ་རི་རང་བཙན་བྱུང་ནས་ལོ་འཁོར250ལོན་པའི་ལོ་ཡིན་ཞིང་། ཨ་རིའི་མི་དམངས་དུང་ཕྱུར3ལྷག་གིས་རྒྱལ་གཅེས་དང་གསར་གཏོད། གསར་འབྱེད་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཨ་རི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་བ་བྱེད་པ་ནི་ཕན་ཚུན་འགལ་མེད་ཡིན་ཞིང་། ཕན་ཚུན་ལ་གྲུབ་འབྲས་བསྐྲུན་པ་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ཐུབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ55ཡི་གོང་དུ། ཀྲུང་གོ་དང་ཨ་རིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”སྤེལ་ནས་ཀྲུང་གོ་དང་ཨ་རིར་ལོ་ངོ20ལྷག་རིང་ཕྱི་འབྲེལ་བཀག་པའི་པའི་སྒོ་མོ་ཕྱེས་ནས། དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་སྟེང་གི་དོན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་རྗེས་ཀྲུང་གོ་དང་ཨ་རིའི་དབར་སྒོ་འབྱེད་མཉམ་ལས་ཀྱི་གཏམ་རྒྱུད་མང་པོའི་ཐོག་ནས། རྒྱུན་ཆད་མེད་པར་མཛའ་གྲོགས་ཀྱི་གཏམ་རྒྱུད་བརྩམས་ཡོད། དུས་བབ་གསར་པའི་འོག ང་དང་ཙུང་ཐུང་ཐེ་ལང་ཕུའུ་བར་ཐུག་འཕྲད་དང་ཁ་པར་ཐེངས་མང་བཏང་ནས། ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་ཡོད། ང་ཚོས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་ཐོག་གི་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པས་ལེགས་པོར་བསྒྲུབ་རྒྱུ་ལས་ཇེ་སྡུག་ཏུ་གཏོང་མི་རུང་བར་འདོད་ཡོད། རྒྱལ་ཁབ་གཉིས་མཉམ་ལས་བྱས་ཚེ་གཉིས་ཕན་དང་འཐབ་རྩོད་བྱས་ཚེ་གཉིས་ཀར་གནོད་པས། རོགས་ཟླར་འགྱུར་བ་ལས་ཁ་གཏད་དུ་ལངས་མི་རུང་། ང་ཚོས་ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་ཀྱི་བརྟན་བརླིང་འབྲེལ་བ་བཙུགས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ། རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་སྔར་ལས་མང་བའི་ཞི་བདེ་དང་། དར་རྒྱས། ཡར་ཐོན་བཅས་བསྩོལ་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་བལྟས་ཚེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་སྒྲུབ་ཐུབ་མིན་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་ཐུབ་མིན་གྱི་གནད་འགག་ཡིན། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དུང་ཕྱུར17ལྷག་གི་བདེ་སྐྱིད་དང་འབྲེལ་ཡོད་པ་དང་། འཛམ་གླིང་གི་མི་དམངས་དུང་ཕྱུར80ལྷག་གི་ཁེ་ཕན་དང་འབྲེལ་བ་ཡོད། ང་ཚོས་ཐུན་མོང་ཐོག་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་དེ་འཁུར་ནས་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེ་ཡང་དག་པའི་གྲུ་ལམ་བརྒྱུད་དེ་བརྟན་རླིང་ངང་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། 

ཐེ་ལང་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀྲུང་གོར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ནི་མཛེས་སྡུག་ལྡན་པའི་ཉིན་མོ་ཞིག་ཡིན་པ་དང་། འདི་ནི་འཚམས་འདྲི་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་དགེ་མཚན་ལྡན་པ་དང་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་གནང་ཡོད། ཨ་རིའི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་ཕན་ཚུན་དགའ་བོ་དང་ཕན་ཚུན་བརྩི་འཇོག་བྱེད་བཞིན་ཡོད་པས། མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན། ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་སྟེང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ལ་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས། 

500457284_dafbd9bf-1673-4a24-8514-152b6e4f1b3e.jpg

  ཟླ5པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

500457284_ef300a95-03e0-4841-882a-12b2f57be99e.jpg

   ཟླ5པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

500457284_f362e091-de2f-4f17-83ed-ebfb847dc78a.jpg

  ཟླ5པའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།  ལི་ཆང་དང་ཚའེ་ཆི། ཝང་དབྱི། ཧོ་ལི་ཧྥེང་སོགས་གསོལ་སྟོན་ལ་ཞུགས། །

热门新闻

热门图库

热门排行