གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་སུ་བྱ་བར་འབྲེལ་མཐུད་བྱས།

ཟླ5པའི་ཚེས15ཉིན་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་རུ་འཚམས་འདྲི་དང་ཐུག་འཕྲད་གནང་བར་སོང་ནས་འགན་འཁུར་བློ་མཐུན་གཙོ་བོ་དག་དང་མཚོ་ལྷོའི་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ཁུངས་གསར་སྤེལ་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་རིམ་སྤོར།  ཡུལ་སྐོར་བཀོད་སྒྲིག་འཆར་འགོད་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་བེད་སྤྱོད།  ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྱོང་སོགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཞུགས་མོལ་དང་བསམ་བློ་བརྗེ་རེས་གཏིང་ཟབ་གནང་བ་དང་། ཁོ་ཚོས་དུས་ཡུན་རིང་པོར་མཚོ་ལྷོ་ཁུལ་ལ་མཛུབ་ཁྲིད་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དུ་ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་གྱིས་མཐོ་སྒང་གི་སྐྱེ་ཁམས་དང་མི་རིགས་དམངས་སྲོལ།  ནུས་ཁུངས་གཙང་མ་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་རྐང་ཚུགས་ཏེ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པ་སོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དེ་མགྱོགས་ལམ་དུ་བསྐྱོད་བཞིན་ཡོད་ཅེས་བསྟན་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྐྱེ་ཁམས་རིན་ཐང་གཞན་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཆར་འགོད་བཟོ་བ་དང་། གཙོ་གནད་ལས་གཞི་ཇུས་འགོད་ལག་བསྟར། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་དྲིལ་བསྒྲགས་ཁྱབ་སྤེལ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་མཛུབ་སྟོན་དང་སྲིད་ཇུས་ཐོག་ནས་གཟིགས་སྐྱོང་སྔར་ལས་མང་པོ་བྱས་ཏེ། མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་རོགས་རམ་བྱ་དགོས་ཞེས་རེ་བ་བཏོན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐིང་ཀྲང་ཏུང་ཧྥུའུ་ཧའེ་ཡིས་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས། ས་ཁོངས་འཕེལ་རྒྱས་ཀྱི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཞིང་།མཚོ་ལྷོ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། འཆར་འགོད་ཁྲིད་སྟོན་དང་ལས་གཞིའི་རྒྱབ་སྐྱོར།བྱེད་སྒོའི་རོགས་སྐྱོར་བཅས་ལ་ཤུགས་བསྣན་ཏེ། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཀྱི་དགེ་མཚན་དང་ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་རོགས་རམ་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་ཚད་མཐོའི་འཕེལ་རྒྱས་སུ་ཡོང་བར་སྐུལ་འདེད་བྱ་རྒྱུ་ཡིན་པ་བསྟན།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་རུ་ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་གྱི་ནོར་གནག་དང་བོད་ལུག  ནས། འཁྱག་ཆུའི་ཉ་སོགས་མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱུ་སྤུས་བཟང་ཞིང་ཐོན་ལས་ཀྱི་རྨང་གཞི་ལེགས་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་སུ་བཏང་ནས། ཚོང་རའི་འགྲན་ཤུགས་ཆེ་རུ་གཏོང་བར་ཤེས་བྱའི་བདག་དབང་དང་སྤུས་ཚད་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས་པས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཚོ་ལྷོ་ཁུལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ས་བབ་མཚོན་རྟགས་ཐོན་རྫས་ཀྱི་སྙན་ཞུ། ཚད་གཞིའི་མ་ལག་འཛུགས་སྐྲུན། ཞིབ་དཔྱད་ཚད་ལེན་སྒྲིག་ཆས་གསར་བརྗེ་བྱེད་པའི་ལས་གཞིའི་བཀོད་སྒྲིག་སོགས་ཀྱི་མཛུབ་སྟོན་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། མཚོ་ལྷོ་ཁུལ་དུ་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་བཏོད་ནས་ཕྱིར་འཚོང་ལམ་བུ་རྒྱ་བསྐྱེད་དེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་ཁུལ་མགྱོགས་པོར་བསྐྲུན་པར་རོགས་རམ་བྱ་དགོས་པའི་རེ་བ་བཏོན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་ལིའུ་པོ་ཡིས་མཚོ་ལྷོ་ཁུལ་གྱི་དགོས་མཁོའི་དོན་ཚན་ལ་དམིགས་ནས།འབྲེལ་གཏུག་ལམ་བུ་ཤར་གཏོང་དང་འབྲེལ་མཐུད་ཞིབ་འཇུག་གཏིང་ཟབ། སྲིད་ཇུས་མཁོ་སྤྲོད་བཅས་ལ་ཤུགས་སྣོན་སྒོས་མཉམ་འཛུགས་ཐེངས་གཅིག་དང་ལམ་ལུགས་ཆ་ཚང་གཅིག་སོགས་ལྔ་ཅན་གཅིག་གི་བྱ་འགུལ་སྤེལ་ནས། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་བྱ་བའི་ཐད་གྲུབ་འབྲས་གསར་པ་ལེན་པར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བསྟན།

ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕིང་དང་བསོད་ནམས་བདེ་སྐྱིད་བྱེད་སྒོར་ཞུགས།


热门新闻

热门图库

热门排行