གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་ཧྥོ་ཡི་འདུས་ཚད་ཉུང་བའི་བདེ་ཐང་བཏུང་ཇ་མཁོ་སྤྲོད་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཟླ5པའི་ཚེས13ཉིན། མཚོ་ལྷོ་ཁུལ་གྱིས་བདེ་ཐང་བཏུང་ཇ་ཁྱིམ་ཚང་དུ་བསྐྱལ་བ་དང་2026ལོའི་ཧྥོ་ཡི་འདུས་ཚད་ཉུང་བའི་ཇ་མཁོ་སྤྲོད་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་གུང་ཧོ་རྫོང་དུ་སྤེལ་མགོ་བརྩམས་ཤིང་། བདེ་ཐང་བཏུང་ཇ་དང་བརྩེ་བའི་ཐུགས་ཁུར་རྩྭ་ཐང་གི་མི་རིགས་སོ་སོའི་མང་ཚོགས་ཀྱི་གམ་དུ་བསྐྱལ།

ཐེངས་འདིའི་བྱེད་སྒོ་ནི་ཧུའུ་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བ་དང་། ཞང་དབྱི་སོགས་རྒྱལ་ནང་གི་མཐའ་མཚམས་ས་ཁུལ་ལ་ཇ་མཁོ་སྤྲོད་བྱེད་མཁན་གྱི་ཁེ་ལས་གཙོ་བོས་རོགས་སྒྲུབ་བྱས།

བྱེད་སྒོ་སྤེལ་བའི་སྐབས་སུ། ཁུལ་དང་རྫོང་གི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གུང་ཧོ་རྫོང་ཨེར་སྟི་ཤང་དང་ས་གྲུ་བཞི་ཤང་དུ་བསྐྱོད་དེ། གཞི་རིམ་གྱི་བཏུང་ཇའི་དམངས་ཚིས་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ།

བྱེད་སྒོའི་ཡུལ་དངོས་སུ། ཞང་དབྱི་སོགས་རྒྱལ་ནང་གི་མཐའ་མཚམས་ས་ཁུལ་ལ་ཇ་མཁོ་སྤྲོད་བྱེད་མཁན་གྱི་ཁེ་ལས་གཙོ་བོས་མང་ཚོགས་ལ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཧྥོ་ཡི་འདུས་ཚད་ཉུང་བའི་ཇ་ལེབ480རིན་མེད་ངང་གནང་བ་དང་། དུས་མཚུངས་སུ། མང་ཚོགས་ཁྱིམ་ཚང15རུ་སོང་ནས་འཚམས་འདྲི་དང་གནས་ཚུལ་རྒྱུས་ལོན་བྱས་ཏེ། བདེ་ཐང་ཇ་ཡི་ཤེས་བྱ་སྒྲོག་འགྲེལ་བྱས་ཤིང་། ཧྥོ་ཡི་འདུས་ཚད་མང་བའི་ཇ་ལོའི་བདེ་ཐང་གི་གནོད་པ་དང་ཧྥོ་ཡི་འདུས་ཚད་ཉུང་བའི་ཇ་ལོས་རུས་པ་དང་སོ་ལ་སྲུང་སྐྱོང་བྱེད་ཐུབ་པའི་ཕན་ནུས་སོགས་ཞིབ་ཚགས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་དང་། ཚད་ལྡན་གྱི་ཇ་ལ་དབྱེ་འབྱེད་དང་ཚན་རིག་དང་མཐུན་པའི་ཇ་སྐོལ་སྟངས་ཁྲིད་ནས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས།


热门新闻

热门图库

热门排行