གཙོ་གནད།2 详情

རང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པ།

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས12ཉིན། མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པས་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་བྱས་ཤིང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཧྥེང་གིས་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་འཁོར་དང་བཅས་པར་ཐུག་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྐབས་ཀྱི་ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ས་ཁུལ་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་མོལ་བརྗེ་རེས་བྱས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ། ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོར་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཏའེ་མིན་ཅེ་རྟོག་ཞིབ་ཁྲོད་ཞུགས།

ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་གནང་བ་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁྲང་ཀྲོའུ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་གུང་ཧོ་རྫོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་གནང་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོས་ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དང་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་ཡོད་པ་དེ་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁྲང་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་རོགས་རམ་དང་ཁ་འབྲལ་ཐབས་མེད། ཁྲང་ཀྲོའུ་ཐོན་ལས་ཀྱི་སྒུལ་ནུས་ཀྱིས་གསར་གཏོད་ལ་སྟོབས་ཤུགས་བསྩལ་ཡོད་ལ། མཚོ་ལྷོ་ཁུལ་གྱིས་ཁྲང་ཀྲོའུ་ཡི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དཔྱད་གཞིར་འཛིན་པ་དང་། ལེགས་ཆ་མཉམ་སྤྱོད་དང་མཉམ་ལས་ཀྱི་གཞི་རྒྱ་ཆེ་རུ་བཏང་ནས། ཁ་གཏད་མཉམ་ལས་ཀྱི་ལས་དོན་གསར་པ་ཞིག་གི་མགོ་བརྩམ་རྒྱུ་ཡིན་ཞེས་བསྟན།  

ཝང་ཅན་ཧྥེང་གིས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་སླེབས་པར་དགའ་བསུ་ཞུས་པ་དང་། ཁོས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱ་བ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱེད་པར་གཞིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཁྲང་ཀྲོའུ་དང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གཉིས་ཀྱིས་གྲོང་ཁྱེར་རིམ་པའི་ངོས་ནས་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པའི་ཚུན་ལ། ས་གནས་གཉིས་ཀྱིས་ཐོག་མཐའ་ཀུན་ཏུ་བློ་ཁ་མཉམ་ཕྱོགས་དང་ལག་གདང་མཉམ་སྦྲེལ་སྒོས། དམངས་ཚིས་འཛུགས་སྐྲུན་དང་ཐོན་ལས་མཉམ་ལས། འཇོན་མི་སྐྱེད་སྲིང་བརྗེ་རེས་སོགས་ཀྱི་ཁྱབ་ཁོངས་སུ་གཡུར་ཟའི་གྲུབ་འབྲས་བླངས་ཡོད་པས། ས་གནས་གཉིས་ཀྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྐབས་སུ་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་བརྗེ་རེས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། དམངས་ཚིས་རོགས་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། རང་འགུལ་གྱིས་ལས་ཀ་སྒྲུབ་པ་དང་ཡུལ་བབ་དང་བསྟུན་པའི་སྒོ་ནས་ཐོན་ལས་མཉམ་ལས་ལ་ཤུགས་བསྣན་ཏེ། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས། སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་ཕྱོགས་ནས་ཐོན་ལས་སྦྲེལ་ཐག་གི་མཉམ་ལས་རྒྱ་བསྐྱེད་ནས། མཉམ་ལས་ཀྱི་གྲུབ་འབྲས་དེ་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས་པའི་རེ་བ་བཏོན།

རྟོག་ཞིབ་ཀྱི་སྐབས་སུ། མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཐེན་ཧུ་འོད་ནུས་མ་རྐང་ཚད་ཡོད་ཀུང་ཟི་དང་། ཀོང་ཏཱ་ཁོར་སྲུང་ནུས་ཁུངས་ཚད་ཡོད་ཀུང་ཟི། ཁྲང་ཀྲོའུ་ལུང་ཐེང་འོད་ནུས་དང་ཚ་ནུས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་བཅས་སུ་རྟོག་ཞིབ་བྱས།

མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་དང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཏེང་ཧྲེང་ཕེང་། ཅང་སུའུ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཞུའུ་ཝེ། ཁྲང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལི་ལིན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།།


热门新闻

热门图库

热门排行