གནས་ཚུལ། 详情

ནས་འབྲུའི་སློབ་སྐྱོར་གྱི་ཞལ་འདེབས་འབུལ་བའི་མཛད་སྒོ་ཆབ་ཆ་རུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཉེ་སྔོན། ནས་འབྲུའི་སློབ་སྐྱོར་འགུལ་སྐྱོད་གཅིག་བསྡུས་སྒོས་ཞལ་འདེབས་འབུལ་བའི་མཛད་སྒོ་དང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་བརྗོད་དོན་ཡིན་པའི་ཞུམ་མེད་སྙིང་སྟོབས་ཞེས་པའི་གཏམ་བརྗོད་ཟློས་གར་གྱི་འཁྲབ་སྟོན་བྱ་འགུལ་ཆབ་ཆ་རུ་བསྡུས། ཐེངས་འདིའི་བྱ་འགུལ་ལས་ཚན་རིག་པའི་སྙིང་སྟོབས་ལ་གུས་བཀུར་དང་མཉམ་དུ་སློབ་གསོར་རེ་བ་སྩོལ་ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་ས་མཐོའི་སློབ་གསོར་རོགས་སྐྱོར་བྱེད་པ་ཟུང་འབྲེལ་དམ་ཟབ་བྱས་ཤིང་།  བྱ་འགུལ་གྱི་ཡུལ་དངོས་སུ། ཐེན་ཡིའུ་ཏེ་སྡེ་ཚོགས་ཀྱིས་གསར་རྩོམ་བྱས་པའི་གཏམ་བརྗོད་ཟློས་གར་ཞུམ་མེད་སྙིང་སྟོབས་ཞེས་པར་བརྟེན་ནས། མདེལ་གཉིས་སྐར་གཅིག་ལ་མཛད་རྗེས་བླ་མེད་འཇོག་མཁན་སྐུ་ཞབས་ཀུའོ་ཡུང་ཧོའེ་ལ་གུས་འདུད་ཞུས་པ་དང་། མི་ཚེ་ཧྲིལ་བོ་རྒྱལ་ཁབ་ཀྱི་ཆེད་དུ་བསྟིམས་པ་དང་ཚན་རིག་ཞིབ་འཇུག་ལ་བརྟེན་ནས་རྒྱལ་ཁབ་ལ་བྱས་རྗེས་འཇོག་མཁན་གྱི་སྔོན་བྱོན་དཔའ་བོར་གུས་འདུད་ཞུས་ཏེ། མེས་རྒྱལ་ལ་དགའ་ཞེན་དང་ཡོད་ཚད་བློས་གཏོང་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཐུན་སྦྱོར་ཤུགས་ཆེན། སྔོན་གྲས་སུ་བསྐྱོད་ཕོད་པ་བཅས་ཀྱི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དེ་མཐོ་སྒང་གི་ཡུལ་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་སེམས་ཀྱི་གཏིང་རིམ་ལ་ཆགས་པར་བྱས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་སྤྱི་ཕན་ལྷག་བསམ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།

 རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་ཐེན་ཡིའུ་ཏེ་སྡེ་ཚོགས་ཀྱིས་ལོ་ངོ12རིང་ལ་ནས་འབྲུའི་སློབ་སྐྱོར་འགུལ་སྐྱོད་བྱེད་པའི་སྤྱི་ཕན་གྱི་ཐོག་མའི་བསམ་འདུན་རྒྱུན་བསྐྱངས་པ་ཡིན་ལ། གུང་ཧོ་རྫོང་ཅང་སི་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་ཆུང་དང་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་གོང་མ་བཅའ་སྡོད་སློབ་ཆུང་། ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་། ཐར་ཤུལ་ཤང་བཅའ་སྡོད་སློབ་ཆུང་བཅས་སློབ་གྲྭ4ལ་རིན་ཐང་སྒོར་ཁྲི20ཡི་སློབ་གསོའི་སློབ་ཁྲིད་ཀྱི་དངོས་ཟོག་ཞལ་འདེབས་ཕུལ་བ་དང་། ཐེན་ཡིའུ་ཏེ་ནས་འབྲུའི་སློབ་སྐྱོར་འགུལ་སྐྱོད་ལས་བྱམས་ལྡན་སློབ་གྲྭ་ཞེས་པའི་སློབ་གྲྭའི་སྒོ་བྱང་ཡང་གནང་། མིག་སྔའི་བར་དུ། ཐེན་ཡིའུ་ཏེ་སྡེ་ཚོགས་ཀྱིས་རིམ་རྩིས་བྱས་ན་རང་ཁུལ་གྱི་སློབ་གྲྭ་ཁག་ལ་སྒོར་ཁྲི110ལས་བརྒལ་བའི་སློབ་ཁྲིད་དངོས་ཟོག་ཞལ་འདེབས་ཕུལ་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་མཐོ་སྒང་གི་སློབ་བུ་དག་འཚར་ལོངས་འབྱུང་བར་མཐུན་རྐྱེན་བཟང་པོ་བསྐྲུན། །


热门新闻

热门图库

热门排行