གཙོ་གནད།2 详情

མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ནན་ཐུང་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་བྱས་པ།

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས11ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་བྱས་ནས། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞིན་མིང་ལ་ཐུག་འཕྲད་གནང་བ་མ་ཟད། ཁ་གཏད་རོགས་སྐྱོར་བྱ་བ་གཏིང་ཟབ་ཀྱིས་སྐུལ་འདེད་བྱེད་པར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བསམ་ཚུལ་བརྗེ་རེས་བྱས། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཀྲང་ཐུང་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྲེན་ལེ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་གཞོན་པ་དང་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཏའེ་མིན་ཅེ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

 ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ནན་ཐུང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་མཚོ་ལྷོ་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོས་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། ནན་ཐུང་གྲོང་ཁྱེར་གྱིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་སྒེར་སེམས་མེད་པར་རོགས་སྐྱོར་དང་ནུས་ཤུགས་ཡོད་ཚད་ཀྱིས་རྒྱབ་སྐྱོར་བྱས་པས། དམངས་ཚིས་ཕན་འབྲས་དང་ཆད་ལྷག་གསབ་སྣོན་སོགས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་འབད་འབུངས་དམིགས་འབེན་ཡིན་ལ། མཚོ་ལྷོ་ཁུལ་ལ་ཕུན་སུམ་ཚོགས་པའི་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས། ས་འོག་ཚ་ནུས་ཐོན་ཁུངས། ནུས་ཁུངས་གཙང་མ་སོགས་ཡོད་པས། ས་གནས་གཉིས་ཀྱིས་མཚོ་ལྷོས་ཅི་ནུས་དང་ནན་ཐུང་ལ་གང་མཁོ། མཚོ་ལྷོར་གང་མཁོ་དང་ནན་ཐུང་གིས་ཅི་ནུས་བཅས་ལ་དམིགས་ནས། གྲོས་མོལ་འབྲེལ་མཐུད་གཏིང་ཟབ་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། ནུས་ཁུངས་གསར་པའི་ཐོན་ལས་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན། རིག་གནས་ཡུལ་སྐོར་མཉམ་འདྲེས། འཇོན་མིའི་བརྗེ་རེས་སྐྱེད་སྲིང་སོགས་ཁྱབ་ཁོངས་གཙོ་བོར་གཞིགས་ནས་མཉམ་ལས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། སྔར་ལས་བཟང་བའི་དགེ་མཚན་ལ་བརྟེན་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་དགོས་ཞེས་རེ་བ་བཏོན།

ཝུའུ་ཞིན་མིང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ། མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཐོན་པར་དགའ་བསུ་ཞུས་པར་མ་ཟད།  ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཁུལ་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་བའི་གྲུབ་འབྲས་ལའང་ཁས་ལེན་བྱས། ཁོས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་ཅང་སུའུ་ཞིང་ཆེན་ཏང་ཨུས་ནན་ཐུང་ལ་སྤྲད་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན།  ས་གནས་གཉིས་ཀྱིས་བློ་སེམས་གཅིག་མཐུན་དང་ལག་གདང་གཅིག་སྦྲེལ་གྱིས་ཁ་གཏད་རོགས་སྐྱོར་གྱི་བྱ་བར་གྲུབ་འབྲས་བཟང་བོ་བླངས་ཏེ། མཚོ་ལྷོ་དང་ནན་ཐུང་དབར་གྱི་མཛའ་བརྩེ་གཏིང་ཇེ་ཟབ་དང་ཕན་ཚུན་རོགས་སྐྱོར་བྱས་ནས་ས་གནས་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་མང་པོ་བསྐྲུན། ནན་ཐུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ས་གནས་གཉིས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཙུགས་ཏེ། ཐོན་ལས་མཉམ་ལས་དང་ལག་རྩལ་གྱི་ཉམས་མྱོང་བརྗེ་རེས། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་ལས་སྟེགས་བསྐྲུན་དགོས་པ་དང་། སློབ་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། ཁ་གཏད་རོགས་སྐྱོར་བྱ་བར་མུ་མཐུད་དུ་འཕེལ་རྒྱས་དང་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ནན་ཐུང་དུ་རྟོག་ཞིབ་བྱེད་པའི་སྐབས་སུ་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ད་དུང་ནན་ཐུང་འཆར་འགོད་ཁང་དང་རི་བོ་ལྔ། འབྲི་ཆུའི་རྒྱུད་ཀྱི་ས་ཁུལ། ནན་ཐུང་དངོས་མང་བཤམས་སྟོན་ཁང་། ཁའོ་ཁའེ་ཚེ་སྲོག་ཚན་རིག་ཚད་ཡོད་ཀུང་ཟི་སོགས་ལ་རྟོག་ཞིབ་བྱས་པ་རེད།

   མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ་དང་ཏེང་ཧྲེང་ཕེང་། ནན་ཐུང་གྲོང་ཁྱེར་གྱི་མགོ་ཁྲིད་ཉི་ཁྲུན་ཆིང་དང་ལིན་དབྱི་བཅས་རྟོག་ཞིབ་བྱ་འགུལ་ལ་ཞུགས། །


热门新闻

热门图库

热门排行