སྒྲོན་བརྙན། 详情

སྲང་ལམ་ལྡེབས་རིས་ཀྱིས་མཁར་གྲོང་གི་རྣམ་པ་མཛེས་པར་རྒྱན་པ།

2026-05-13 10:28:41 来源: 作者:བུ་མོ་མཆོག 编辑:བུ་མོ་མཆོག

    རང་ཚགས་པར་གྱི་འཕྲིན།ཉེ་ཆར།ཀོས་ནན་རྫོང་མཁར་གྱི་སྲང་ལམ་རྙིང་པའི་གྱང་ངོས་དང་ཁ་མདོག་འགྱུར་བའི་གློག་སྒམ་སོགས་ལ་ཚོན་རིས་ཀྱི་གོས་གསར་གྱོན་ཏེ།མང་ཚོགས་དང་ཡུལ་སྐོར་བའི་གོམ་འགྲོས་བསྒྱུར་ས་དང་དྲན་རྟེན་པར་ལེན་གྱི་གནས་སུ་གྱུར་ཡོད། 

   ད་ལོའི་ཟླ4པ་ནས་བཟུང་།ཀོས་ནན་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་སྲང་ལམ་གྱི་ཁོར་ཡུག་ལེགས་བཅོས་བྱེད་མགོ་བརྩམས་ཤིང་།རྫོང་མཁར་གྱི་སྟོང་པར་ལུས་པའི་གྱང་ངོས་དག་ཚོན་རིས་ཀྱིས་བརྒྱན་པའི་སྲང་ལམ་དུ་བཟོས་པ་དང་།རི་མོའི་བརྗོད་བྱ་ཧྲིལ་པོ་ས་གནས་ཀྱི་ཡུལ་ལྗོངས་ལ་གཞི་བཅོལ་ཡོད་དེ།མུ་འབྲེལ་གྱི་གངས་རི་དཀར་པོ་དང་མཐའ་ཡས་པའི་སྤང་ལྗོངས་སྔོན་པོས་གངས་ལྗོངས་མཐོ་སྒང་གི་སྐྱེ་ཁམས་ཀྱི་རྨང་གཞིའི་རང་མདངས་མཚོན་པར་བྱས་པ་དང་།རིགས་སོ་སོའི་མང་ཚོགས་ཀྱིས་གླུ་ལེན་གར་འཆམ་ལ་རོལ་བའི་རྣམ་པ་ལས་ཡུལ་སྲོལ་གོམས་གཤིས་ཀྱི་གསོན་ཤུགས་རབ་ཏུ་འཕེལ་བར་བྱས་ཤིང་།ལྷག་པར་དུ་ནས་དང་།པད་ཁ།གཟན་རྩྭ།བོད་ལུགནོར་ནག་བཅས་ཀོས་ནན་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ་ལྔ་གསོན་ཉམས་ལྡན་པའི་སྒོ་ནས་བཀོད་ཡོད།ལས་དོན་འདིས་དཔེ་གཞི་གཅིག་རྐྱང་གི་འབྲི་སྲོལ་དོར་ནས།མཁར་གྲོང་གི་རྣམ་པ་མཛེས་པའི་དགོས་མཁོ་སྐོང་བ་མ་ཟད།ཡུལ་མི་རྣམས་ཀྱི་ཕ་ཡུལ་གྱི་དྲན་གསོ་དང་བརྩེ་དུང་ཡང་ཟབ་མོར་མཚོན་པར་བྱས་ཡོད། 

    ད་ལྟ་མིག་དབང་འཕྲོག་པའི་ལྡེབས་རིས་རེ་རེ་ཡིས་སྟོང་པར་ལུས་པའི་གྱང་ངོས་དེ་དག་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད་ཅིང་།ས་གནས་མང་ཚོགས་ཀྱིས་རྒྱུས་མངའ་ཆེ་བའི་ཕ་ཡུལ་གྱི་ཡུལ་ལྗོངས་མཐོང་ཚེ་སེམས་ལ་དྲོད་ཁོལ་སྦྱིན་པ་དང་། ཕྱི་ཕྱོགས་ཀྱི་ཡུལ་སྐོར་བས་སྲང་ལམ་མྱུལ་སྐབས་ཀོས་ནན་གྱི་སྐྱེ་ཁམས་ཁོར་ཡུག་དང་།ཡུལ་སྲོལ་རིག་གནས་ཀྱི་ཁྱད་ཆོས།ཐོན་ལས་ཀྱི་སྒུལ་ཤུགས་བཅས་མྱུར་དུ་རྒྱུས་ལོན་ཐུབ་ཀྱི་ཡོད།ས་གནས་དེ་གར་ད་དུང་དྲ་མིག་ཅན་གྱི་བདག་སྐྱོང་ལམ་ལུགས་བཙུགས་ཏེ།རྒྱུན་རྣམ་ཅན་གྱི་སྒོ་ནས་ཚོན་རྩི་བུད་པའི་གནད་དོན་ལ་རྟོག་ཞིབ་དང་ཉམས་གསོ་བྱེད་བཞིན་ཡོད་པས།སྲང་ལམ་རིག་གནས་ཀྱི་མཛེས་ཉམས་དེ་ཡུན་རིང་གནས་པར་བྱས་ཤིང་།རྫོང་མཁར་གྱི་རྣམ་པ་མཛེས་ཉམས་ལྡན་པར་བཏང་བ་དང་ཆབས་ཅིགམང་ཚོགས་ཀྱི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་སེམས་འདུན་ཡང་ཤུགས་ཆེར་བསྐྱེད་བཞིན་ཡོད།

热门新闻

热门图库

热门排行