སྒྲོན་བརྙན། 详情

ཝང་ཧུའུ་ཉིང་མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་ཧྭའི་རིག་གནས་རྩེ་ཚོགས་སྐབས་གསུམ་པར་ཞུགས།

2026-05-13 10:17:21 来源: 作者: 编辑:超级管理员

   202605121e9a059b7f9e90b3cad11eff7a719926.jpg

    ཟླ5པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཀྲང་རུང་ཀུང་དང་། མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་ཧྭའི་རིག་གནས་རྩེ་ཚོགས་སྐབས་གསུམ་པའི་འགྲམ་གཉིས་ཀྱི་རིག་གནས་ལས་རིགས་ཀྱི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་བཅུ་གཅིག་ཉིན་པེ་ཅིང་དུ་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཀྲང་རུང་ཀུང་དང་། མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་ཧྭའི་རིག་གནས་རྩེ་ཚོགས་སྐབས་གསུམ་པའི་འགྲམ་གཉིས་ཀྱི་རིག་གནས་ལས་རིགས་ཀྱི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲིན་ལི་ཝུན་ལ་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་སྟེ། འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ལ། ཀྲུང་ཧྭའི་བུ་དང་བུ་མོས་ལག་གདང་སྦྲེལ་ནས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ནན་གྱིས་བསྟན་དོན། ཀྲུང་ཧྭའི་རིག་གནས་ནི་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཡིན་ལ། འགྲམ་གཉིས་ཀྱི་སྤུན་ཟླའི“རྩ་བ”དང“བླ་སྲོག”ཀྱང་ཡིན། སྐབས་འདིའི་རྩེ་ཚོགས་ཀྱིས“ཁྲག་རྒྱུན་མཉམ་འདྲེས་དང་རིག་གནས་གཅིག་མཐུན”ཞེས་པ་བརྗོད་དོན་བྱས་པ་ལས། འགྲམ་གཉིས་ཀྱི་སྤུན་ཟླ་ཀྲུང་ཧྭའི་རིག་གནས་ཀྱི་སྲུང་སྐྱོང་མཁན་དང་རྒྱུན་འཛིན་མཁན། དར་སྤེལ་མཁན་བཅས་བྱེད་པའི་འགན་འཁྲི་མངོན་པར་མཚོན་པ་རེད། 

ཝང་ཧུའུ་ཉིང་གིས་བསྟན་དོན། འགྲམ་གཉིས་ཀྱི་སྤུན་ཟླས་ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་རིན་ཐང་མ་ལག་རྒྱུན་འཛིན་ཡག་པོ་བྱེད་པ། འགྲམ་གཉིས་ཀྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་པ་བཅས་བྱ་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་ཏེ། འགྲམ་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་བྱེད་དགོས། ཀྲུང་ཧྭའི་རིག་གནས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ནས། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་དང“ཀྲུང་གོ་འདོར་བར”ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བརྟན་སྲུང་བྱ་དགོས། འགྲམ་གཉིས་ཀྱི་གཞོན་ནུས་ལོ་རྒྱུས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ་བཅས་ཡང་དག་ཆགས་ནས། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

ཀྲང་རུང་ཀུང་གིས་བསྟན་དོན། འགྲམ་གཉིས་ཀྱི་མི་དམངས་ལ་ཀྲུང་ཧྭའི་རིག་གནས་ཀྱི་བཟང་ཤན་ཐེབས་ཡོད་ལ། ཚང་མ་ཀྲུང་གོ་བ་དང་ཁྱིམ་ཚང་གཅིག་གི་ཡིན། འགྲམ་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པས། “དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་། ཀྲུང་ཧྭའི་རིག་གནས་མཉམ་དུ་རྒྱུན་འཛིན་དང་། དར་སྤེལ། འཕེལ་རྒྱས་བཅས་བཏང་ནས། ཞི་བདེ་དང་འབད་འཐབ། མི་རིགས་བསྐྱར་དར་བཅས་ཀྱི་ཐད་འབད་བརྩོན་བྱ་དགོས།

དབྱིན་ལི་སོགས་མཇལ་འཕྲད་ལ་ཞུགས།



热门新闻

热门图库

热门排行